ནག་ཆུས་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རོགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-25

ཉེ་བའི་ལོའི་རིང་།  ནག་ཆུ་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་ཆོས་རིང་ལུགས་དར་སྤེལ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་བཏང་ནས།  སྤྱི་ཚོགས་འཚོ་བར་དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ཞུགས་པ་དང་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་འགན་ལེན་གྱི་ལས་ཀའི་དམིགས་ཚད་རྒྱུན་འཁྱོངས་བྱས་ཏེ།  གནད་འཕིགས་ཞབས་ཞུ་དང་དོ་དམ།  འཕེལ་རྒྱས་བཅས་གསར་གཏོད་བྱས་ནས་ལག་ལེན་བསྟར་བས།  དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་འཛུགས་སྐྱོང་སྔར་བས་བརྟན་དུ་ཕྱིན་པ་དང་།  དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་ཕྱིན་པ།  གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ་མ་ཟད།  འདི་ལོ་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་སྔོན་ཐོན་ཚན་པའི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།
དེ་དང་ཆབས་ཅིག  དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ཏན་ཏིག་སྒྲུབ་པ་དང་དབང་པོ་སྐྱོན་ཅན་དང་མི་སྤྱོད་ཚན་པའི་ལས་གནས་དབར་གྱི་དགོས་མཁོའི་ལས་སྟེགས་ཧུར་ཐག་བསྐྲུན་ཆེད།  ནག་ཆུ་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་རྟག་ཏུ་གཉེར་ནས།  ཁོང་ཚོའི་རྒྱུན་ལྡན་གྱི་འཚོ་བ་དང་ལས་ཞུགས་སོགས་ལ་ཕན་གང་ལེགས་སྐྲུན་ཐབས་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]