您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༣ པའི་ཚེས ༢༥ ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ནས། རང་ལྗོངས་སུ་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལ་གཅིག་གྱུར་རྩིས་རྒྱག་དང་བསྒྱུར་བཅོས་བྱ་རྒྱུའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་སྟེ། བསྒྱུར་བཅོས་ཀྱི་ལས་འགན་ཁག་རང་ལྗོངས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་ཡོད།།