ཝུའུ་དབྱིང་ཇེས་ལྷོ་ཁར་ཤིང་འཛུཌ་ནགས་བཟོའི་བྱེད་སྒོར་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ པའི་ཚེས ༧ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ལྷོ་ཁར་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་སྐབས།  རྒྱལ་སར་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ།  རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཀ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་དམ་འཛིན་བྱེད་དགོས་པ་མ་ཟད།  རང་བྱུང་ཁམས་ལ་བརྩི་འཇོག་དང་གཅེས་སྤྲས་དང་ཕུགས་ལ་དམིགས་པ།  ཡུལ་བབ་དང་བསྟུན་པ།  ཚན་རྩལ་ལ་བརྟེན་པ།  གྲོན་ཆུང་བསྲི་ཚགས་བྱེད་པ།  ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་བཅས་ཀྱི་ཐོག་ནས་ཤིང་འཛུགས་ནགས་བཟོ་བྱས་ཏེ།  མཛེས་སྡུག་ལྡན་པའི་བོད་ལྗོངས་སྔོ་ལྗང་ཅན་དུ་འགྱུར་བ་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]