རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་སུ་ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དམངས་ཀྱི་ཆེད་དུ་ཚན་རྩལ་ལག་བསྟར་བྱེད་ཅེས་པ་བརྗོད་དོན་དུ་བྱས་པའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤྱི་ཟླ་དགུ་པའི་ཚེས ༡༩ ནས ༢༥ ཉིན་བར་སྤེལ་བ་རེད།  གཞན་ཡང་འདི་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ཉིན་མོའི་བྱེད་སྒོ་དེ་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་།  དབུལ་གྲོལ་འགག་སྒྲོལ་ལ་དམིགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ།  ནད་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་ནས་འགོག་ཟོན་འདུ་གཤེས་མཐོ་རུ་གཏོང་རྒྱུ།  ཚན་རྩལ་ཞབས་ཞུར་ཤུགས་སྣོན་རྒྱབ་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་སོགས་ལ་རོགས་རམ་བྱེད་ཅེས་པའི་གཙོ་བོའི་ནང་དོན་ཚུད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]