您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱབ་གདལ་ཤུགས་ཆེ་བཏང་ནས་ཆུ་དཔོན་དང་མཚོ་དཔོན་ཁྲི ༡.༤༧ བཀོད་སྒྲིག་བྱས་ཡོད། སྤྱི་ལོ ༢༠༢༠ ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་ལྗོངས་ཡོངས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་སྟེ། ས་ངོས་ཀྱི་ཆུའི་སྤུས་ཚད་བཟང་བའི་ཚད་གཞིར་སླེབས་ཚད་བརྒྱ་ཆ ༡༠༠ ཟིན་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་ཀྱང་བརྒྱ་ཆ ༡༠༠ ཟིན་ཡོད།།