您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུའི་སྐོར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཀྲུང་དབྱང་གི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁྱབ་ཁོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ། ཁྲོམ་རར་མ་རྐང་བཏོན་པའི་ཀུང་སིའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རང་ལྗོངས་ཀྱིས་ཁྲོམ་རར་མ་རྐང་བཏོན་པའི་ཀུང་སིའི་སྤུས་ཚད་ལེགས་སུ་གཏོང་བའི་ལས་ཀར་ཞིབ་འཇུག་བྱས་པ་མ་ཟད། ས་གོ་ལའི་གླིང་སྣེ་གསུམ་པའི་ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་རྒྱུ་སོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་ཀྱང་གནང་ཡོད།།