您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཇེ་རང་ཉིད་ཀྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ། ཆ་སྙོམས་ས་བབ་མཐོ་ཚད་རྨིད ༤༧༥༠ ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་དང་། ཐག་རིང་ལུང་ཁུག་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམ་འདྲི་གནང་བ་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད།།