您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཁེ་ལས་ཐོག་མ་སྟེ་རྒྱལ་སྒྲོལ་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སི་བཅའ་ཞུགས་བྱས་པ་དེ་ཡང་། དེང་སྐབས་རང་ལྗོངས་སུ་འགག་སྒོའི་དམིགས་བསལ་ལྟ་འདོམས་ཁུལ་ཁོངས་ཀྱི་ཐོ་འགོད་ཨང་གྲངས་ཐོབ་པའི་ཁེ་ལས་དང་པོ་དེ་རེད། འགན་ཁུར་མི་སྣས། རྒྱལ་སྒྲོལ་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སི་བཅའ་ཞུགས་བྱས་པ་དེས་རྒྱལ་ཁབ་བཅུ་ལྷག་གི་ཐོན་རྫས་རིགས ༡༥༠༠ ལྷག་ཐད་ཀར་བོད་དུ་བཏང་སྟེ། བོད་ཀྱི་མང་ཚོགས་ཚོས་ཕྱི་རུ་འགྲོ་མི་དགོས་པར་སྤུས་ཀ་དག་པའི་ཕྱི་རྒྱལ་གྱི་ཐོན་རྫས་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་གསུངས།།