您没有安装FlashPlayer或版本太低, 请点击获得最新版本FlashPlayer
འདི་ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་པ་རྒྱུད་གྲོས་འཆམ་བྱུང་བའི་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་དེས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཉིན་ཤས་གོང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ལས་གནས་ཀྱི་དོན་དངོས་ལ་གཞིགས་ཏེ་སྲོལ་ཡིག་གི་དགོངས་པ་སློབ་སྦྱོང་དང་ལག་ལེན་ཧུར་ཐག་བྱས་ནས། རང་ལྗོངས་སུ་སྐྱེ་ཁམས་ཤེས་དཔལ་མཐོ་ས་སྐྲུན་རྒྱུའི་ཐད་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།