མཐའ་མཚམས་ཁུལ་དུ་སྐལ་བཟང་མེ་ཏོག་བཞད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-10-19

བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་བཞེས་གནང་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཕྱོགས་སྟོན་དང་མཐའ་དར་དམངས་ཕྱུག་ཡོང་ཆེད་བཀོད་སྒྲིག་གནང་སྟེ།  བོད་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་ཐོན་རྒྱུར་ཁྲིད་སྟོན་གནང་ཡོད།  རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།  སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཐོག་རང་རྟོགས་ངང་མཐའ་མཚམས་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས།  བསམ་གཞིགས་དང་ཇུས་འགོད་བྱས་ཏེ་མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་དང་མཐའ་མཚམས་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་བྱས་ཏེ།  མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་།  མི་རིགས་མཐུན་སྒྲིལ་ཡར་མཐོན།  མཐའ་མཚམས་མང་ཚོགས་གནས་སྐྱིད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་གཏོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]