ནས་ལ་བརྟེན་ཏེ་དུས་རབས་གསར་པར་ཕྱུག་འགྱུར་གྱི་ལམ་བུ་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-16

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་མཚམས་སུ།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག  བོད་ལྗོངས་གསར་པའི་རྣམ་པ་བཅས་མངོན་ཆེད།  སྤྱི་ཚེས ༡༥ ཉིན་ནས་བཟུང་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ནང་དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད་ཅེས་པའི་མུ་འབྲེལ་གསར་འགྱུར་སྟོན་རྒྱུ་དང་།  ཐེངས་འདིའི་ལེ་ཚན་ནང་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་རིམ་སྤོར་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས།  ཞིང་པ་ཕྱུག་འགྱུར་ལམ་དུ་བསྐྱོད་ས་དང་ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གྱི་ལམ་བུར་འགྱུར་ཚུལ་ངོ་སྤྲོད་ཞུས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]