སྐབས་དྲུག་པའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་པར་གཟེངས་བསྟོད་སྤྲོད་པའི་ཚོགས་འདུ་ཉེ་དུས་པེ་ཅིང་དུ་འཚོགས་ནས། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་པ་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་རྒྱལ་ཡོངས་ཆེད་ལས་ལག་རྩལ་པའི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་རེད།།