ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་རིམ་ཁག་ཚན་པ་ཁག་གིས། ཏང་གི་ལོ་རྒྱུས་སྦྱོང་བ་དང་དགོངས་དོན་རྟོགས་པ། བྱ་བཟང་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཏང་ཡོན་ལས་བྱེད་པས་ལས་དོན་སྒྲུབ་པའི་ལག་ལེན་བྱེད་སྒོའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། བརྩེ་སེམས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།།