ཡུན་རིང་མ་སོང་གོང་པེ་ཅིང་དུ་ཚོགས་པའི་རྒྱལ་ཡོངས་ཕུལ་བྱུང་གི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་གཟེངས་བསྟོད་ཚོགས་འདུ་སྐབས་དྲུག་པའི་ཐོག རྒྱལ་ཡོངས་ཀྱི་ཕུལ་བྱུང་ལག་རྩལ་ཤེས་ལྡན་པ་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ། འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཧྲི་ལི་ལ་རྒྱལ་ཡོངས་ཕུལ་བྱུང་གི་ཆེད་ལས་ཤེས་ལྡན་པའི་མཚན་སྙན་ཐོབ་པ་རེད།།