སྤྱི་ཟླ་དང་པོའི་ཚེས ༢༢ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་ནད་ཡམས་འཕྲལ་སྡོམ་བཀོད་འདོམས་དཔོན་གྲེན་ཡུང་ཇིས་ལྷ་ས་གྲོང་ཁྱེར་རུའུ་ཅཱ་ལོགས་སྡོད་གསོལ་མགྲོན་ཁང་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས། ནད་ཡམས་འགོག་ཟོན་ལས་དོན་ལ་བརྟག་ཞིབ་གནང་བ་རེད།།