ལུགས་རྙིང་གི་ཆུ་སྟག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༢༢ ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་འདུ་ཚོགས་སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོ་ལྷ་སར་ཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ་ཝང་ཅུན་ཀྲེང་གིས་ཤིས་ཚིག་སྒྲོན་གནང་བ་རེད།།