རྒྱལ་ཡོངས་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ལས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས། རང་ལྗོངས་ཀྱིས་སྤྱི་ཚེས ༩ ཉིན་འཕྲལ་དུ་ཚོགས་འདུ་འཚོགས་ནས་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་གནང་བ་རེད།།