ཅང་ཅེས་ནད་ཡམས་འགོག་ཟོན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་གཙོ་ཅང་ཅེས།  ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ནས།  ད་ལྟའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་དང་།  རང་ལྗོངས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། 
ཅང་ཅེས་དེང་སྐབས་རྒྱལ་ཕྱི་རྒྱལ་ནང་དུ་ནད་ཡམས་གནས་ཚུལ་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་སྣང་ཆུང་གཏན་ནས་བྱེད་མི་རུང་བ་དང་།  གྲོང་ཁྱེར༼ས་ཁུལ༽ཁག་དང་ཚན་པ་ཁག་གིས་ནད་ཡམས་ཕྱི་ཕྱོགས་ནས་འགོས་ཁྱབ་ཡོང་རྒྱུ་སྔོན་འགོག་དང་ནང་དུ་ནད་ལོག་རྒྱག་རྒྱུ་སྔོན་འགོག་བྱེད་པའི་ཐབས་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ།  རང་ལྗོངས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]