རང་ལྗོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་ནན་པོ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱི་དབུལ་ཕོངས་རྫོང་མཇུག་ཤོས ༡༩ ལ་དབུལ་སྒྲོལ་ཆ་རྐྱེན་འཛོམས་ནས་མི་ཁྲི་ཚོ ༡༥ སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ་མངོན་འགྱུར་བྱུང་ཡོད།  དབུལ་གྲོལ་འགག་སྒྲོལ་ཁྲོད་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་འགན་གཙང་སྒྲུབ་དང་ལྟ་སྐུལ་གནད་འཕིགས།  སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྒོ་ནས་དབུལ་གྲོལ་འགག་སྒྲོལ་འགན་སྲུང་བྱས་ཡོད།
རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་ནུས་ཆེ་རུ་བཏང་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བཅར་འདྲི་དང་གནས་སྡོད་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་དེ།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱས་ཚུལ་ཐད་ལྟ་སྐུལ་བྱས་པ་དང་།  བཅོས་སྒྲིག་ཡག་པོ་མ་བྱུང་བ་དང་བཅོས་སྒྲིག་གི་ལས་དོན་ཐད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ལྟ་སྟངས་འཛིན་པ།  བཅོས་སྒྲིག་གི་ལས་ཀ་དེ་གྲངས་ཀ་ཙམ་ངོ་ཞུ་བྱེད་པ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་ཡོད།
མང་ཚོགས་ཀྱི་མདུན་དུ་ཐོན་པའི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་གྱི་ཁུངས་སྣེ་འཚོལ་ཞིབ་གནད་འཕིགས་བྱེད་ཆེད།  རང་སྐྱོང་ལྗོངས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཞི་རིམ་དང་འཐབ་ས་དང་པོ།  ས་གནས་ས་ཐོག་བཅས་སུ་ཟབ་སྐྱོད་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།  རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽ཁག་གི་སྒྲིག་ཨུད་ལྟ་ཨུད་ཀྱིས་སྣེ་འཁྲིད་དེ་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་སྐྱོད་བྱེད་པ་དང་།  བཅའ་སྡོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༢༨ དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལྟོས་བཅས་རྗེས་ལུས་ཡིན་པའི་རྫོང་༼ཆུས༽སུ་མཛུབ་ཁྲིད་ལས་དོན་སྤེལ་བར་བཏང་བ་མ་ཟད།  སྒྲིག་ཨུད་ཀྱི་ཧྲུའུ་ཅི་སྐོང་འདྲི་བྱས་པས་ལྗོངས་ཡོངས་ཀྱི་ཆེད་དོན་བཅོས་སྐྱོང་གི་འཕེལ་རིམ་དོ་མཉམ་མེད་པའི་གནད་དོན་ཐག་གཅོད་གང་ལེགས་བྱུང་ཡོད།

བྲག་གཡབ་རྫོང་སྒྲིག་ཨུད་ལྟ་ཨུད་ཀྱིས་མི་ཐེངས ༥༠ ལྷག་ཙམ་དབུལ་སྐྱོར་གཙོ་འགན་ཚན་པ་དང་ཤང་༼གྲོང་རྡལ༽  གྲོང་ཚོ་བཅས་སུ་མངག་གཏོང་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ཐེངས ༡༦ བྱས་ནས་གནད་དོན་ཁག ༤༢ རྩད་གཅོད་ཐུབ་པ་དེ་དག་ལ་བཅོས་སྒྲིག་བྱེད་རྒྱུའི་འགན་དཀྲིས་པ་རེད།  གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྒྲིག་ཨུད་ལྟ་ཨུད་ཀྱིས་ཏང་སྲོལ་སྲིད་སྲོལ་གྱི་སྤྱི་ཚོགས་ལྟ་སྐུལ་བ ༡༠༠ གདན་ཞུ་བྱས་པ་མ་ཟད།  ས་ཁོངས་འགན་ལེན་ཁུལ་གྱིས་དབུལ་སྐྱོར་ཁྱབ་ཁོངས་ལས་དོན་ལ་སྐུལ་སྤེལ་གཏོང་བའི་འགན་འཁུར་མཁན་རྫོང་རིམ་པའི་འགོ་ཁྲིད ༧ དང་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་ལས་དོན་ཚོགས་ཆུང་ ༡༠  དབུལ་གྲོལ་འགག་སྒྲོལ་བཀོད་འདོན་པུའུ་བཅས་ལ་ཡི་གེ་བསྐུར་ནས་དབུལ་སྐྱོར་ཁྱབ་ཁོངས་ནང་ཐོན་པའི་གནད་དོན་བསྡུ་ལེན་བྱས་པ་དང་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ངང་འཚོལ་ཞིབ་བྱས་ཡོད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ནས་བྱེད་པོའི་འགན་འཁྲི་འཁུར་ཚུལ་ལ་རྒྱུན་གཏན་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག  འགན་ནུས་ཚན་པས་ལྟ་སྡོམ་གྱི་འགན་འཁྲི་ཡག་པོ་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་འབྱུང་རྩ་ནས་རྩད་གཅོད་དང་ཡོ་བསྲང་ཐུབ་པ་བྱས་ཡོད།
ཏང་ཀྲུང་དབྱང་གིས་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུན།  རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་ལན་སྤྲོད་གནད་དོན་གྱི་ཞིབ་ཐོར་ལྟ་བསྡུར་དཔེ་བསྡུར་བྱས་ཏེ་རིམ་པ་བཞིན་བཅོས་སྒྲིག་བྱ་ཐབས་བཟོས་པ་དང་།  རིམ་པ་དེ་ག་ནས་དམ་འཛིན་དང་རང་ངོས་ནས་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐོར་གཟིགས་བཅོས་སྒྲིག་འགན་འཁྲི་སྒྲུབ་རྒྱུར་སྣེ་ཁྲིད་བྱས་ཡོད།

རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  དེང་སྐབས་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་བཅོས་སྒྲིག་བྱེད་རྒྱུའི་འགན་ཁུར་བའི་ལས་འགན ༡༦ ལེགས་སྒྲུབ་ཟིན་པ་དང་ཆབས་ཅིག  དུས་ཐོག་ཏུ་འགན་འཁྲིའི་ཚན་པ ༣༤ ནས་བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་ནན་པོ་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ་དམིགས་བསལ་གནད་དོན ༣༦ བཅོས་སྒྲིག་ཏན་ཏིག་ཐུབ་པ་བྱས་ཡོད་ལ།  རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་ལ་དམ་པོར་དམིགས་ནས་ལས་ཀ་ཏན་ཏིག་མི་སྒྲུབ་པ་དང་སྤྱོད་ཚུལ་དོན་གཉེར་མེད་པ།  གྲུབ་འབྲས་བདེན་པ་མིན་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐད་ཆེད་དོན་བཅོས་སྒྲིག་ཀྱང་བྱས་ཡོད།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི། སྒྲིག་ཨུད་ཀྱི་ཧྲུའུ་ཅིས་ཁག་བགོས་དོ་དམ་གྱི་འགན་འཁྲི་ཡོད་པའི་རྫོང་དཔོན་གཞོན་པ ༢ དང་ཚན་པའི་འགན་འཁུར་བ ༢ སྐོང་འདྲི་དང་གནད་དོན་དྲན་སྐུལ་བྱས་ཡོད།  དེང་སྐབས་རྫོང་དེས་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀ་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་འགན་འཁུར་འགོ་ཁྲིད་མི་ཐེངས ༢༠ ལ་སྐོང་འདྲི་དང་ཡང་ན་དྲན་སྐུལ་བྱས་ཡོད།
དབུལ་གྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས།  རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་པ་དང་དམིགས་བསལ་རང་བཞིན་གྱི་གནད་དོན་སྔོག་འདོན་བྱས་ནས་ལྟ་སྐུལ་གནད་འཕིགས་དང་སྒྲིག་སྐྱོང་ནན་པོ།  རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་བྱས་ཏེ་ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱས་ནས་ཕན་འབྲས་ཐོན་པ་བྱས་ཡོད།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས།  དབུལ་གྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་རྒྱང་སྐྱོད་ལམ་བུའི་ཐོག་རང་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  དབུལ་སྐྱོར་ལམ་བུའི་ཐོག་གི་འགག་རྡོ་མཐའ་གཅིག་ཏུ་གཙང་སེལ་དང་ཁྲལ་སེལ་སླ་བཅོས་ཀྱི་སྣང་ཚུལ་ངན་པ་བཀག་འགོག་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]