རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་ཆབ་མདོར་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༣༠ ཉིན་ནས་སྤྱི་ཟླ ༤ པའི་ཚེས ༣ ཉིན་བར།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་གནང་ནས།  ཆབ་མདོ་གྲོང་ཁྱེར་གྱི་རྫོང་༼ཆུས༽ཁག་ཅིག་ཏུ་ཕེབས་ཏེ་རིག་གནས་ཡུལ་སྐོར་དང་རིག་དངོས་ཀྱི་བདེ་འཇགས་ལས་ཀར་བརྟག་ཞིབ་གནང་ཡོད།

བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་དཔལ་འབར་རྫོང་དང་ལྷོ་རོང་རྫོང་།  ཁ་རུབ་ཆུས།  གོ་འཇོ་རྫོང་།  སྨར་ཁམས་རྫོང་།  མཛོ་སྒང་རྫོང་།  དཔའ་ཤོད་རྫོང་བཅས་སུ་བསྐྱོད་ནས་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་དང་།  དངོས་མིན་ཤུལ་བཞག་རིག་གནས་མཉམ་ལས་ཁང་།  རྫོང་༼ཆུས༽སྒྱུ་རྩལ་ཚོགས་པ།  གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག  ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད།  ཡུལ་སྐོར་འདུ་འགྲིམ་ལྟེ་གནས།  དགོན་སྡེ་སོགས་སུ་བརྟག་ཞིབ་གནང་བ་དང་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པར་འཚམ་འདྲི་བྱས་པ་མ་ཟད་འབྲེལ་ཡོད་ཚན་པའི་ལས་དོན་སྙན་ཞུ་ཡང་ཉན་པ་རེད།

བརྟག་ཞིབ་ཚོགས་ཆུང་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་རིག་གནས་སྤེལ་ཡུལ་སྐྲུན་ཤུགས་ཆེ་རུ་གཏོང་བ།  གཞི་རིམ་ལ་རྩ་བ་ཚུགས་པ་དང་གཞི་རིམ་ལ་ཞབས་ཞུ་བྱེད་པའི་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ།  སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་པ་བཅས་བྱས་ནས།  ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་དང་།  ཡུལ་བབ་དང་བསྟུན་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ།  ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།  བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]