ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས༡༨པ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ པའི་ཚེས ༨ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༡༨ པ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད།  ད་རེས་ཀྱི་ཚོགས་འདུ་དེ་ས་གནས་ས་ཐོག་གི་ཚོགས་འདུ་དང་དྲ་རྒྱའི་བརྙན་ལམ་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཚོགས་པ་དང་།  ཚོགས་འདུའི་ཐོག་མི་དོན་བསྐོ་བཞག་བྱ་བའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་ཉན་པ་དང་།  མི་དོན་བསྐོ་བཞག་བྱ་བར་གྲོས་ཞིབ་བྱས་པ་མ་ཟད་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཡོད་ཅིང་།  རེན་ཝིལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་སྦྲགས་བསྐོ་བཞག་ལག་ཁྱེར་སྤྲད་ཡོད།

བློ་བཟང་རྒྱལ་མཚན་ནས།  ད་ཐེངས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་།  མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་མི་སྣ་བསྐོ་འཐེན་བྱེད་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཡོད་ཅེས་གསུངས་པ་དང་སྦྲགས།  བློ་མཐུན་རེན་ཝིལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱེད་པ་དང་འགན་འཁྲི་ཏན་ཏིག་ཁུར་བ།  རང་འགན་གཙང་སྒྲུབ་བཅས་བྱེད་དགོས་པ་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་མིག་དཔེ་ཞིག་བྱས་ཐོག་འགན་སེམས་ཆེན་པོའི་སྒོ་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པ་དང་།  ཁྲིམས་བཞིན་བྱ་བ་སྒྲུབ་པའི་མིག་དཔེ་ཞིག་བྱས་ཏེ་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྲིད་འཛིན་དོ་དམ་ལས་ཀའི་ཕྱོགས་ཁག་ནང་ཁྲིམས་ལུགས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་བྱེད་དགོས་པ་མ་ཟད།  ཁྲིམས་བཞིན་སྲིད་འཛིན་པའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་དང་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱས་ཏེ།  སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ནན་པོ་སྲུང་བ་དང་།  ལས་གནས་གསར་པའི་ཐོག་དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཡང་འབུལ་དགོས་པ་བཅས་ཀྱི་ཐུགས་རེ་གནང་ཡོད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་ཚོགས་གོང་།  བློ་བཟང་རྒྱལ་མཚན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས ༥༠ པ་གཙོ་སྐྱོང་གནང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༡༨ པའི་གྲོས་རིམ་འཆར་ཟིན་སོགས་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་ཡོད།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འགྲོལ་རྗེས།  ཝང་ཅུན་གྱིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཙོ་སྐྱོང་གནང་བ་དང་།  གསར་དུ་བསྐོ་བཞག་བྱུང་བའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རེན་ཝིལ་སོགས་བློ་མཐུན་གྱིས་རྩ་ཁྲིམས་དཔང་འཛུགས་དམ་བཅའ་བཞག་གནང་བ་རེད། །

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]