ཀྲོང་ཡན་གྱིས་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་འཕེལ་རིམ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ པའི་ཚེས ༧ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ཕེབས་ཏེ།  ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ནག་ཆུའི་བར་སོགས་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དྲན་གསོ་ཁང་དུ་གཟིགས་སྐོར་ཡང་གནང་ཡོད།  བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེན་འདྲེན་ཐིང་གི་འགན་འཁུར་བློ་མཐུན་གྱིས།  ལྷ་གཞིས་དང་ལྷ་ནག་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་འཕེལ་རིམ་སྙན་གསེང་ཞུས་ཡོད།

ཀྲོང་ཡན་ནས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་རྣམ་གྲངས་སྐྲུན་འགན་འཁུར་མཁན་ཁེ་ལས་ཀྱིས་རྣམ་གྲངས་ཀྱི་སྤུས་ཚད་འགན་ལེན་ཏན་ཏིག་བྱས་ཏེ།  རྣམ་གྲངས་སྤུས་ལེགས་དང་རྩེ་གྲ་སྐྲུན་ནས་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པ་བྱེད་དགོས་པ་དང་།  སྤུས་ཚད་དང་བདེ་འཇགས་འགན་སྲུང་བྱེད་པའི་རྨང་གཞིའི་འོག  འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གང་མགྱོགས་སྐྲུན་པ་དང་གཉེར་སྐྱོང་བྱེད་པ།  ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ།  སློབ་ཆེན་སློབ་ཐོན་སློབ་མ་དང་ས་ཆ་དེ་གའི་མང་ཚོགས་དེ་བས་མང་བ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ།  མང་ཚོགས་འབབ་འཕར་ཐུབ་པ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་དགོས་པ།  རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཏན་ཏིག་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་འབྱུང་འཕྲོད་ལས་གཞི་གཏོད་དགོས་པ།  ཨར་སྐྲུན་བདེ་འཇགས་འགན་སྲུང་ཏན་ཏིག་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།  ལས་ཞིའི་འགག་གནད་དང་ལྷུ་ཚིགས།  ལག་རྩལ།  རྒྱུ་ཆ་བཅས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་ཏན་ཏིག་བྱས་ནས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ཚབས་ཆེའི་ལས་འཛོལ་མི་ཐོན་པ་བྱེད་དགོས་པ།  ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རྒྱུར་དམ་འཛིན་ཡག་པོ་དང་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ།  འཐབ་ས་དང་པོའི་འཛུགས་སྐྲུན་པའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་སྲུང་བྱེད་དགོས་པ།  རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ།  སྲིད་གཙང་ཉམས་ཉེན་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་ལས་གཞི་གཏོད་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]