ཀྲོང་ཡན་ནས་ས་མཐོའི་གྲོང་ཁྱེར་གྱི་རིག་གནས་མིང་བྱང་གསར་པ་ཧུར་ཐག་གཏོད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་།  ཉེ་དུས།  རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཀྲོང་ཡན་ནས་བྱེད་ནུས་ཀྱི་ངེས་གནས་ཁ་གསལ་བཟོས་ཏེ།  སྲུང་སྐྱོབ་དང་གསར་སྤེལ།  རྒྱུན་འཛིན།  གསར་གཏོད།  ཐུན་མིན།  དཔལ་འབྱོར་བཅས་ཀྱི་ཕན་འབྲས་དང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཕན་འབྲས་དབར་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱས་ནས།  རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་དེ་སྲུང་སྐྱོབ་ཡག་པོ་དང་འཛུགས་སྐྲུན་ཡག་པོ།  གཉེར་སྐྱོང་ཡག་པོ་བཅས་བྱེད་དགོས་པ་དང་།  རྩ་འཛུགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་འཆར་འགོད་འཛུགས་སྐྲུན་བདེ་བླག་ཐུབ་པ་བྱེད་དགོས་པ།  སྨྱན་སྦྱོར་སྣ་ཚོགས་སྤྱད་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ།  ལྟེ་གནས་ཀྱི་སྐད་གྲགས་དང་ཤུགས་རྐྱེན་ཆེ་རུ་བཏང་ཐོག་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་དེ་ཉིད།  ས་མཐོའི་གྲོང་ཁྱེར་རིག་གནས་ཀྱི་མིང་བྱང་གྲགས་ཅན་གསར་པ་གཞན་ཞིག་ལ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]