ནོར་བུ་དོན་གྲུབ་ཀྱིས་དུས་ཚིགས་གཉིས་པའི་དབུལ་གྲོལ་འགག་སྒྲོལ་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ལོ ༢༠༢༠ ལོའི་དུས་ཚིགས་གཉིས་པའི་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲའུ་དང་འཇམ་དཔལ་རྣམ་གཉིས་ཚོགས་འདུར་ཕེབས་ཡོད། 
ནོར་བུ་དོན་གྲུབ་ནས་ཚང་མས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་དབུལ་གྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་དགོངས་པས་དབུལ་གྲོལ་འགག་སྒྲོལ་སྤྱི་ཡོངས་ལ་གཅིག་འདོམས་བྱེད་དགོས་རྒྱུ་དང་།  གནད་འཕིགས་དྲུག་རྒྱུན་འཁྱོངས་བྱས་ནས་ཆ་འཕྲིན་ཡིག་ཚགས་དང་གནད་དོན་བཅོས་སྒྲིག  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ།  ཐོན་ལས་དབུལ་སྐྱོར།  སྦྱོང་བརྡར་ལས་ཞུགས།  གནས་སྤོས་རྟ་སྒ་ཆ་འགྲིག  ཡོངས་བཤེར་ལས་དོན།  བོད་སྐྱོར་དབུལ་སྐྱོར་ལས་དོན་བཅས་གནད་འཕིགས་ཡོང་བ་བྱེད་དགོས་རྒྱུ།  ཏང་འཛུགས་དང་སྤྱོད་ཚུལ།  སྒྲིག་ལམ་སྲུང་བ་བཅས་ཐད་མིག་དཔེ་བཏོད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཐོག་ཤེས་དཔལ་ལ་སྣང་ཆེན་བྱས་ཏེ།  སྲོལ་བཟང་འཛུགས་པ་དང་སྲོལ་ངན་དོར་ནས་ལྟ་སྐུལ་ཞིབ་བཤེར་ལས་དོན་འཐུས་སྒོ་ཚང་དུ་གཏོང་དགོས་རྒྱུ།  ལོ་ལྔའི་རིང་གི་དབུལ་གྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་གསེད་དཀྲོལ་བྱས་ཏེ་གཙོ་གནད་ཕྱོགས་བསྡོམས་བྱེད་རྒྱུ་དང་།  ལོ་ལྔའི་རིང་གི་རིག་གཞུང་གི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས།  དཔེ་མཚོན་གྱི་ཉམས་མྱོང་སོགས་གསོག་འཇོག་བེད་སྤྱོད་བྱེད་དགོས་རྒྱུ་བཅས་ཀྱི་ཐད་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]