རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་འགན་འཁྲི་ཕྲག་ཏུ་འཁུར་ནས་མི་དམངས་ཀྱི་འདུན་པ་མཚོན་པར་བྱེད་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཁག་སོ་སོར་སྤྱི་ཟླ ༥ པའི་ཚེས ༢༢ དང་ ༢༡ ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་།  རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སྤྱི་ཚེས ༢༠ ཉིན་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་བྱུང་ཡོད།  ཁོང་རྣམ་པས་གྲ་སྒྲིག་ཨང་གསར་བྱས་ཏེ་འགན་འཁྲི་ཕྲག་ཏུ་འཁུར་ནས་འགན་བབས་ཁག་ཡག་པོ་སྒྲུབ་རྒྱུ་རེད།  ད་ལོའི་ཚོགས་འདུ་གཉིས་ཀྱི་ལས་དོན་པ་དང་གསར་འགོད་པ་ཉུང་དུ་བཏང་ཡོད་ཅིང་།  འཐུས་མི་དང་ཨུ་ཡོན་མི་ཉུང་བ་ཞིག་གིས་ལག་ཐོག་ཁ་པར་ཐོག་ནས་ཚོགས་འདུར་ཞུགས་པའི་གནས་ཚུལ་པར་ལེན་བྱེད་ཀྱི་ཡོད།
འདས་པའི་ལོ་གཅིག་ནི་སྙིང་སྟོབས་འཕེལ་བའི་ལོ་ཞིག་དང་གྲུབ་འབྲས་གཡུར་དུ་ཟ་བའི་ལོ་ཞིག་རེད།  ད་ལོའི་ལོ་འགོར་ཐོན་པའི་ཏོག་གསར་གློ་ཚད་ནད་ཡམས་ཁྲོད་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དཀའ་གནད་འགག་སྒྲོལ་བྱས་ཏེ།  ཏང་དང་མི་དམངས་ཀྱི་བློ་ཡིད་འཚིམ་པ་བྱས་ཡོད་པ་དང་ཁོང་ཚོས་ཐོབ་པར་དཀའ་བའི་གྲུབ་འབྲས་དེ་དག་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་མཉམ་རོལ་བྱེད་རྒྱུ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུར་བུ་དོན་གྲུབ་ནས།  ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་སྔོན་མ་དང་མི་འདྲ་བར་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་ཀར་ཕན་འབྲས་ཡག་པོ་ཐོན་པའི་འགག་རྩའི་དུས་མཚམས་སུ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས་དོན་སྙིང་ཟབ་མོ་ལྡན་ཡོད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ངས་རང་ལྗོངས་ལ་ཐོབ་པའི་གྲུབ་འབྲས་གསར་ཤོས་མངོན་པ་དང་།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་མཚོན་པར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པས།  སྙིང་སྟོབས་ཆེན་པོའི་ངང་འགན་འཁྲི་ཡག་པོ་སྒྲུབ་ནས་འབད་འཐབ་ལ་བརྟེན་ནས་བདེ་སྐྱིད་གཏོད་པ་དང་ཕུགས་འདུན་སྒྲུབ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་སྤྱི་ཚེས ༢༡ ཉིན་གྱི་ཕྱི་དྲོ།  པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་རྒྱུ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཚེས ༢༢ ཉིན་གཟབ་རྒྱས་ངང་འཚོག་རྒྱུ་རེད།  ད་ལོ་ནི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག  ཕྱོགས་ཡོངས་ནས་འབྱོར་འབྲིར་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལོ་ཞིག་བཅས་ཡིན་པས།  རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཉམས་བཟང་མངོན་པ་དང་མི་དམངས་ཀྱི་འདུན་པ་མཚོན་པར་བྱེད་རྒྱུ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]