ཆེ་དགྲ་ལྷས་དགོན་སྡེའི་ལས་དོན་དང་རིག་དངོས་སྲུང་སྐྱོབ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་དུ་དགོན་སྡེའི་ལས་དོན་དང་རིག་དངོས་སྲུང་སྐྱོབ་ལས་ཀར་བརྟག་ཞིབ་གནང་སྐབས།  མཐའ་སྐྱོང་བོད་བརྟན་དང་ཆོས་ལུགས་ལས་དོན།  རིག་དངོས་ལས་དོན་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར།  ཆོས་ལུགས་ལས་དོན་དང་རིག་དངོས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཧོ་ཝུན་ཧའོ་དང་པད་མ་དབང་འདུས།  མོང་ཞའོ་ལིན།  ཀའོ་ཡང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད།
ཆེ་དགྲ་ལྷས་འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་དབར་སྤེལ་རེས་གཏིང་ཟབ་གནང་བ་དང་།  དགེ་འདུན་པ་ཚོའི་འཚོ་བ་དང་སློབ་སྦྱོང་།  དེ་བཞིན་ནད་ཡམས་འགོག་ཟོན།  བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  ཚང་མས་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞི།  ཚད་གཞི་བཞི་བཅས་ལ་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པ་སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཐོག  རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཆེ་དགྲ་ལྷས་དགོན་སྡེར་བཅའ་སྡོད་ལས་བྱེད་པས་མཐའ་ཚད་འཛིན་སེམས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས།  ནད་ཡམས་འགོག་ཟོན་དང་མེ་ཟོན།  བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ།  གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
ཆེ་དགྲ་ལྷས་ད་དུང་སྔ་རྗེས་སུ་གཙུག་ལག་ཁང་གི་རིག་དངོས་གནའ་ཤུལ་སྲུང་སྐྱོབ་ལས་གཞི་དང་།  གཙུག་ལག་ཁང་གི་ཐང་ཆེན་ཉམས་གསོ་བྱེད་ཁུལ།  བར་སྐོར་ཁྲོམ་གཞུང་།  གཙུག་ལག་ཁང་བཅས་སུ་ཕེབས་ནས།  རྣམ་གྲངས་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོབ་བྱེད་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  རིམ་ཁག་ཚན་པ་ཁག་གིས་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཉམས་གསོའི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་དང་།  དམངས་འཚོ་སྔོན་ལ་འཇོག་རྒྱུ་དང་མི་གཙོ་བོར་འཛིན་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  མུ་མཐུད་ཞབས་ཞུ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་གྲོང་མིའི་འགྲུལ་བཞུད་བདེ་འཇགས་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]