ཏིང་གཡས་ཤན་གྱིས་རང་ལྗོངས་སུ་མཐོ་རྒྱུགས་ལས་དོན་སྤེལ་ཚུལ་ལ་སྐོར་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༧ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས་རུ་སྣེ་འཁྲིད་དེ་རང་ལྗོངས་ཀྱི་ཡིག་རྒྱུགས་ལས་དོན་སྤེལ་ཚུལ་ལ་སྐོར་ཞིབ་གནང་བ་རེད།
ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ལྷ་ས་སློབ་འབྲིང་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ཡིག་རྒྱུགས་གཏོང་སར་ཕེབས་ནས།  རང་རྟོགས་ངང་ཚ་བ་གཟིགས་གནང་བ་དང་ཡིག་རྒྱུགས་ཞབས་ཞུ་ས་ཚིགས་དང་བརྙན་ལམ་ལྟ་བཤེར་ཁང་།  ཡིག་རྒྱུགས་ལས་དོན་གཞུང་ལས་ཁང་སོགས་སུ་སྐོར་ཞིབ་གནང་བ་མ་ཟད་རྒྱུགས་རའི་ཡིག་རྒྱུགས་གཏོང་ཚུལ་ཐད་གཟིགས་ཞིབ་ཀྱང་གནང་བ་རེད།  དེ་རྗེས་ཏིང་གཡས་ཤན་གྱིས་རང་སྐྱོང་ལྗོངས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་སྦྲེལ་མཐུད་བརྒྱུད།  རང་ལྗོངས་ཀྱི་ཡིག་རྒྱུགས་གཏོང་ཁུལ་གྱི་ཡིག་རྒྱུགས་ལས་དོན་སྤེལ་ཚུལ་ཐད་ཞིབ་བཤེར་གནང་བ་རེད།

ཏིང་གཡས་ཤན་ནས་རྒྱལ་ཁབ་ཀྱི་ཤེས་ལྡན་པ་འདེམས་པའི་གལ་ཆེའི་ཐབས་ལམ་ཞིག་གི་ངོས་ནས།  མཐོ་རྒྱུགས་དེ་ཡིག་རྒྱུགས་གཏོང་མཁན་སློབ་མ་མི་རེ་ངོ་རེའི་ལས་དབང་དང་འབྲེལ་བ་ཡོད་ཅིང་གནམ་འོག་གི་ཕ་མ་ཚོའི་སེམས་ཁྲལ་བྱེད་སར་གྱུར་ཡོད་པས།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  དེ་བཞིན་འབྲེལ་ཡོད་ཚན་པས་མི་དམངས་གཙོ་བོར་འཛིན་པའི་འདུ་ཤེས་དེ་མཐོ་རྒྱུགས་ལས་ཀའི་ཕྱོགས་ཁག་ནང་ཁྱབ་པ་བྱས་ནས།  ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས།  ཞབས་ཞུ་ལེགས་ཤོས་བཅས་ཀྱི་སྒོ་ནས་མཐོ་རྒྱུགས་རིང་གི་ནད་ཡམས་འགོག་ཟོན་དང་ཡིག་རྒྱུགས་བདེ་བླག  ཡིག་རྒྱུགས་གཏོང་མཁན་སློབ་མར་ཞབས་ཞུ་སོགས་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་སྟེ་ཡིག་རྒྱུགས་གཏོང་མཁན་སློབ་མའི་སེམས་ལྷོད་དུ་བབས་པ་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་བདེ་འཇགས་དང་དྲོ་སྐྱིད།  གོ་རིམ་བཅས་ལྡན་པའི་ཁོར་ཡུག་གཏོད་དགོས་པ་དང་།  བྱ་ཐབས་ནན་ཤོས་བཟུང་ནས་ཆད་སྐྱོན་ཐ་དག་གསབ་པ་དང་།  རྒྱུགས་ཤོག་དང་ཡིག་རྒྱུགས།  རྒྱུགས་ཤོག་བཅོས་རྒྱག  སློབ་མ་བསྡུ་རྒྱུ་བཅས་ལྷུ་ཚིགས་ཁག་ལ་དོ་དམ་ནན་པོ་བྱས་ཏེ་སློབ་གསོ་འདྲ་མཉམ་ལ་གནོད་པའི་གནས་ཚུལ་ཐོན་རྒྱུ་བརྟན་འགོག་བྱས་ནས།  ཡིག་རྒྱུགས་འདྲ་མཉམ་དང་བརྒྱུད་རིམ་ཡོངས་བསྒྲགས།  གྲུབ་འབྲས་གཞུང་དྲང་བཅས་འགན་སྲུང་བྱས་ནས་སློབ་གསོ་འདྲ་མཉམ་དང་སྤྱི་ཚོགས་འདྲ་མཉམ།  སྲིད་གཞུང་ལ་ཚང་མས་ཡིད་ཆེས་བྱེད་པ་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]