ནོར་བུ་དོན་གྲུབ་ཀྱིས་གོང་དཀར་འབབ་ཐང་དུ་ནད་ཡམས་འགོག་ཟོན་ལས་ཀར་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ལྷ་ས་གོང་དཀར་འབབ་ཐང་དུ་ཕེབས་ནས་ནད་ཡམས་འགོག་ཟོན་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

ནོར་བུ་དོན་གྲུབ་ནས་འབབ་ཐང་གི་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པའི་ལུས་དྲོད་འཇལ་སར་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་ལས་དོན་ཁག་སྤེལ་ཚུལ་ལ་གཟིགས་ཞིབ་དང་སྤེལ་རེས་གནང་བ་མ་ཟད།  བོད་དུ་ཡོང་མཁན་འགྲུལ་པ་དང་བཀའ་མོལ་གནང་ནས་འགྲུལ་པ་ཚོ་བོད་དུ་ཡུལ་སྐོར་བྱེད་རིང་གཟུགས་པོར་བདག་གཅེས་བྱེད་རྒྱུའི་བཀའ་མངག་གནང་བ་དང་།  ནད་ཡམས་འགོག་ཟོན་ལས་དོན་པ་དང་མཛའ་བརྩེའི་ངང་སྤེལ་རེས་ཀྱང་གནང་ཡོད།

ནོར་བུ་དོན་གྲུབ་ནས་ད་ཆ་རང་ལྗོངས་ཀྱི་ནད་ཡམས་འགོག་ཟོན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།  རྒྱལ་ཁབ་ཕྱི་ནང་དུ་ནད་ཡམས་ཀྱི་དུས་བབ་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་སྔར་བཞིན་སྣང་ཆུང་གཏོང་མི་རུང་བར་འགག་སྒོ་ནན་སྲུང་དང་།  འགོག་ཟོན་དྲ་བ་ཚགས་དམ་ཏུ་གཏོང་བ།  གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་འོས་འཚམས་བྱས་ཏེ།  དེ་བས་གནད་འཕིགས་དང་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་མི་སྣ་དོ་དམ་དང་ཞབས་ཞུ་འགན་སྲུང་སོགས་ཀྱི་ལས་དོན་ཁག་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]