ཆེ་དགྲ་ལྷས་ཆུ་ཤུར་རྫོང་དུ་དབུལ་གྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་ཀར་ལྟ་སྐུལ་དང་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆུ་ཤུར་རྫོང་དུ་དབུལ་གྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དོ་ནན་པ་དང་ཏན་ཏན་ཏིག་ཏིག  ཞིབ་ཅིང་ཕྲ་བ་བཅས་ཀྱི་སྤྱོད་ཚུལ་ཐོག་ནས་སྤུས་འབྲས་གཉིས་ལྡན་ངང་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པའི་ནན་གསུངས་གནང་ཡོད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པད་མ་དབང་འདུས་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རན་ཝེ་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད།

ཆེ་དགྲ་ལྷ་དང་བཅས་པ་དང་ཐོག་ཆུ་ཤུར་རྫོང་དབུལ་གྲོལ་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་དུ་ཕེབས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་པར་འཚམ་འདྲི་གནང་བ་དང་།  རྫོང་དང་ཤང་གི་ཡོངས་ཁྱབ་ཞིབ་བཤེར་ཚན་པས་འགན་འཁྲི་དོན་འཁྱོལ་དང་གྲོན་དངུལ་དོན་འཁྱོལ།  ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྒྲིག་འཛུགས་ལག་བསྟར།  ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཚོགས་ཆུང་མངགས་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།

ཆེ་དགྲ་ལྷ་ནས་ཚང་མས་ཡོངས་ཁྱབ་ཞིབ་བཤེར་སྲིད་ཇུས་དང་ཚད་གཞི།  གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་།  རྒྱུད་རིམ་གྱི་འགག་སྒོ་དང་གྲངས་གཞིའི་འགག་སྒོ  ཞིབ་བཤེར་གྱི་འགག་སྒོ་བཅས་ནན་པོ་སྲུང་སྟེ་སྤུས་ཚད་ལེགས་པའི་སྒོ་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་སོགས་ཀྱི་གནས་ཚུལ་བརྟག་ཞིབ་ཐུབ་པ་བྱས་ཏེ།  ཕྱོགས་ཡོངས་དང་དངོས་ཡོད།  དྲང་བདེན་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་པ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

ཆུ་ཤུར་རྫོང་གནམ་ཤང་དུ་ཆེ་དགྲ་ལྷས་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཞེས་པའི་གྲོང་ཚོ་སྤྱི་ཡོངས་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོད་ལྟའི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད།  ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཁག་ཅིག་གི་ཁྱིམ་དུ་ཕེབས་ནས་དབུལ་གྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ལ་གཟིགས་ཞིབ་ཀྱང་གནང་བ་དང་།  ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་ཡོང་འབབ་དང་སྡོད་ཁང་འགན་སྲུང་།  ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཡོད།

ཆེ་དགྲ་ལྷས་ངང་རྒྱུད་རིང་པོའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཞིབ་ཕྲ་སྒྲུབ་པ་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  གཅིག་གྱུར་འཆར་འགོད་ངང་དབུལ་གྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་དང་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན།  ཞོད་འགོག་གེགས་སེལ།  གྲོང་གསེབ་དར་རྒྱས་སོགས་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་།  ཞིང་འབྲོག་པ་སྤོ་བསྒྱུར་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་ཧུར་ཐག་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]