སློབ་ཆེན་གྱི་ཏང་འཛུགས་དང་བསམ་བློ་ཆབ་སྲིད་ཀྱི་ལས་ཀར་མཐོང་ཆེན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༢༩ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕེབས་ནས།  སློབ་ཆེན་གྱི་ཏང་འཛུགས་དང་བསམ་བློ་ཆབ་སྲིད་ཀྱི་ལས་ཀར་བརྟག་ཞིབ་གནང་བ་དང་།  ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་འོག་སློབ་ཁྲིད་ལས་དོན་སྤེལ་ཚུལ་ཐད་ཞིབ་བཤེར་མཛུབ་ཁྲིད་གནང་བ་མ་ཟད།  བོད་ཡིག་དང་བོད་ལུགས་གསོ་རིག་སོགས་ཁྱད་ལྡན་རིག་ཚན་གོང་འཕེལ་གཏོང་ཚུལ་མཁྱེན་རྟོགས་གནང་བ་དང༌།  རྒྱ་ཆེའི་དགེ་སློབ་དང་ལས་བཟོ་པར་གཟིགས་པ་དང་འཚམ་འདྲི་ཡང་གནང་བ་རེད།

ཁོང་ནས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་དང་མི་གསོ་སྐྱོང་ཇི་ལྟར་བྱེད་རྒྱུ།  སུའི་ཆེད་དུ་མི་གསོ་སྐྱོང་བྱེད་རྒྱུ་བཅས་ཀྱི་གཞི་རྩའི་གནད་དོན་དང་དམ་པོར་བསྟུན་ནས།  ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་གི་གཞི་རྩའི་ལས་འགན་སྒྲུབ་པ་དང་།  བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གསོའི་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཤེས་ལྡན་པའི་འགན་སྲུང་ནུས་ལྡན་བྱེད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]