ཆེ་དགྲ་ལྷས་འབྲུ་རིགས་བདེ་འཇགས་ཐད་ཀྱི་ལས་དོན་ཞིབ་ཚཌ་སྤེལ་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་བརྙན་ལམ་ཚོགས་འདུ་འཚོགས་ཏེ  སྤྱི་ལོ ༢༠༢༠ ལོའི་དཔྱད་ཞིབ་ལས་ཀར་སྐུལ་སློང་བཀོད་སྒྲིག་བྱས་པ་དང་།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྱིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།
བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་རྒྱལ་མཚན་ཚོགས་འདུར་ཕེབས་ཡོད
ཆེ་དགྲ་ལྷས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་  ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།  སྤྱི་ཡོངས་ལ་དམིགས་ཏེ་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལས་ཀར་མཐོང་ཆེན་བྱེད་པ་དང་།  འབྲུ་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས།  འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལྷོད་མེད་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཆེ་དགྲ་ལྷསརང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ས་ཞིང་གསུམ་ལས་ཀར་མཐོང་ཆེན་བྱས་ཏེ།  བཀོད་སྒྲིག་ཞིབ་ཚགས་དང་བྱ་ཐབས་སྣ་ཚོགས་བཟུང་ནས་ནས་ཀྱི་བདེ་འཇགས་འགན་ལེན་བྱས་པས།  སྤྱི་ལོ ༢༠༡༨ ལོ་དང་སྤྱི་ལོ ༢༠༡༩ ལོ་གཉིས་བསྟུད་མར།  རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་ཞིང་སྤྱིའི་འགན་འཁྲིའི་ལམ་ལུགས་ཞིབ་དཔྱད་བྱས་འབྲས་ཡག་པོའི་རིམ་པར་སླེབས་པ་དང་  ལྷག་པར་དུ་ད་ལོའོ་ཚུན་དུ་ཏོག་གསར་གློ་ཚད་ཐོན་པའི་གནས་ཚུལ་འོག་ཏུ་ཡང་།  རང་ལྗོངས་ཀྱི་འབྲུ་རིགས་མཁོ་སྤྲོད་འདེང་ངེས་དང་རིན་གོང་བརྟན་པོ་བྱུང་ཡོད  རིམ་ཁག་ཚན་པ་ཁག་གིས་ཁུལ་ཁོངས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་རྒྱུ་དེ་བས་མངོན་ཆེའི་གནས་བབ་ཐོག་འཇོག་པ་དང་།  སྲིད་གཞུང་ལས་དོན་སྙན་སྒྲོན་ནང་གསལ་སྟོན་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས།  འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲུ་རིགས་འགན་སྲུང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས་ཤིང་།  འགན་འཁྲི་ཏན་ཏིག་འཁུར་ནས་དཔྱད་ཞིབ་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་ཐོག  གནད་དོན་རང་བཤེར་དང་ཆད་སྐྱོན་གསབ་བ།  བཅོས་སྒྲིག་བྱེད་པ་བཅས་བྱས་ཏེ  བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་འབྲུ་རིགས་བདེ་འཇགས་ལས་ཀར་འཛིན་པའི་མཛད་ཇུས་བཀོད་སྒྲིག་ཁག་རང་ལྗོངས་སུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]