གྲེན་ཡུང་ཇིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས།  བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་གནང་བ་མ་ཟད།  ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད། 
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཁོང་ནས་ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ།  དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས།  བསམ་སྦྱོར་གཉིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་ཏན་ཏིག་བྱས་ཏེ།  དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
གྲེན་ཡུང་ཇིས་རིམ་པ་དང་རིགས་དབྱེ་བྱས་ནས་ཚོགས་འདུའི་དགོངས་དོན་ཐད་ཀྱི་གཅིག་བསྡུས་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱས་ཏེ།  ལོ་མཇུག་གོང་ཏང་ཡོན་ལས་བྱེད་པ་ཡོངས་ལ་སྦྱོང་བརྡར་ཐུབ་པ་བྱེད་དགོས་པ་དང་།  གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་ཨང་དང་པོའི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།  ཁྱིམ་ཚང་ཀུན་དང་མི་ཚང་མས་ཚོགས་འདུའི་དགོངས་དོན་ཤེས་རྟོགས་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་།  ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༥ འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ།  ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གནང་བ་དང་སྦྲགས། རང་འཁྲིའི་ལས་གནས་གང་ལེགས་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]