ཅང་ཅེ་ཡིས་ནད་ཡམས་འགོག་ཟོན་གྱི་ལས་དོན་སྔར་བས་ཏན་ཏིག་སྒྲུབ་དགོས་རྒྱུའི་ཐད་ནན་གསུངས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༤ ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  ལྗོངས་ཡོངས་སུ་ནད་ཡམས་འགོག་ཟོན་དང་ནད་ཡམས་ཕྱི་ཕྱོགས་ནས་འགོས་ཁྱབ་ཡོང་རྒྱུ་ནན་འགོག་བྱས་ཚུལ་སྙན་ཞུ་གསན་པ་དང་།  གོམ་སྟབས་རྗེས་མར་ལྗོངས་ཡོངས་སུ་ནད་ཡམས་འགོག་ཟོན་བྱེད་རྒྱུའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།  
ཅང་ཅེ་ཡིས་རིམ་ཁག་ཚན་པ་ཁག་ནས་དོ་དམ་གྱི་འགན་འཁྲི་དང་ལས་རིགས་ཀྱི་བྱེད་པོའི་འགན་འཁྲི།  ཚན་པའི་ལྟ་སྡོམ་འགན་འཁྲི་བཅས་སྔར་བས་དོན་འཁྱོལ་བྱེད་དགོས་པ་དང་བྱ་ཐབས་བཟུང་ཤུགས་ཆེ་རུ་བཏང་སྟེ།  ནད་ཡམས་འགོག་ཟོན་ལས་ཀ་གནད་ལ་འཁེལ་བ་དང་ལྷོད་གཡེང་མི་ཤོར་བ།  གནད་དོན་མི་ཐོན་པ་བཅས་བྱེད་དགོས་པ་དང་།  མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ནད་ཡམས་ཕྱི་ཕྱོགས་ནས་འགོས་ཁྱབ་མི་ཡོང་བ་བྱེད་དགོས་པ།  ཚོང་ར་དང་ཟ་ཁང་།  གསོལ་མགྲོན་ཁང་།  ཁེ་ལས་སོགས་མི་སྣ་འདུ་འཛོམས་མང་སར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  ཁ་རས་རྒྱག་པ་དང་ལག་པ་འཁྲུ་བ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་འཇག་རྒྱུ་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཐོག  དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ།  གཞུང་ལམ་སོགས་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཕྱི་ནས་ཡོང་བའི་མི་ཚོགས་དང་ནད་ཡམས་འགོ་སླ་བའི་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  ཁྲོམ་རར་ལྟ་སྡོམ་དང་སྐོར་ཞིབ་ཡག་པོ་བྱས་ནས་འཁྱགས་གཏོང་དང་གྲང་ཉར་བྱས་པའི་ཟས་རིགས་སོས་པར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ།  བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པ།  འགག་སྒོའི་ཟོག་འདྲེན་ནུས་པ་ཆེ་རུ་བཏང་སྟེ་ནེ་པ་ལར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]