ལྷོ་ཁས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཉིན་རེའི་གྲོས་རིམ་དུ་བཅུག་ཏེ།  གནོན་ཤུགས་བརྒྱུད་སྤྲོད་གནད་ལ་འཁེལ་བ་དང་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ།  ལས་དོན་སྒྲུབ་ནུས་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།  
བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་པའི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་མཛད་ཕྱོགས་སྲིད་ཇུས།  འཐབ་ཇུས་བྱ་ཐབས་སོགས་ལ་དམིགས་ནས།  ཞིབ་བཤེར་ཇུས་གཞི་བཟོ་བ་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཁྲོད་བྱ་སྤྱོད་ཏན་ཏིག་མེད་པ་དང་བྱེད་ཐབས་གནད་ལ་མི་འཁེལ་བ།  དེ་བཞིན་ཁ་བཤད་ལག་བསྟར་མེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ།  ཏང་ཀྲུང་དབྱང་ས་གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད།  
རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ།  ཁྱབ་བསྒྲགས་ནུས་ལྡན་བྱེད་མཁན་བཅས་རང་རྟོགས་ངང་བྱས་པ་དང་།  དྲིལ་བསྒྲགས་གཏིང་ཟབ་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཞིང་འབྲོག་ཁུལ་དང་སློབ་གྲྭ  དགོན་སྡེ།  ཁེ་ལས་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས།  ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པ་བྱས་ཡོད།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

914日,以网络安全为人民,网络安全靠人民为主题的2020年国家网络安全宣传周西藏自治区启动日集中展示活动在拉萨市宇拓路举行。此次活动由西藏自治区党委网信办牵头,区党委宣传部、区经信厅、区公安厅、区广播电视局、区通信管理局、人行拉萨中心支行等相关部门及互联网企业共同组织实施。
སྤྱི་ལོ  ༢༠༢༠  ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་རང་ལྗོངས་ཀྱི་འགོ་ཚུགས་ཉིན་མོའི་གཅིག་བསྡུས་འགྲེམ་སྟོན་བྱེད་སྒོ་སྤྱི་ཚེས  ༡༤  ཉིན་གྱི་སྔ་དྲོ་ལྷ་སར་སྤེལ་བ་དང་།  ད་ཐེངས་ཀྱི་བྱེད་སྒོའི་ཐོག་རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་དང་ཀྲུང་དབྱང་ཐད་གཏོགས་ཚན་པ།    མཉམ་འབྲེལ་དྲ་རྒྱའི་ཁེ་ལས་སོགས་ཞུགས་ཡོད།
活动现场,各参展单位通过悬挂横幅、摆放展板、播放网络安全音视频、发放网络安全宣传资料等多种形式,向过往群众普及网络安全知识和技能,集中展示网络安全发展成就、网络安全技术成果,提升人民群众的网络安全意识和防护技能。
བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་ནས་དྲིལ་བསྒྲགས་སྒྲོམ་སྟེགས་བཙུགས་པ་དང་དྲ་རྒྱའི་བདེ་འཇགས་ཤེས་བྱའི་བརྙན་ལམ་སྟོན་པ།    དྲིལ་བསྒྲགས་དཔྱད་གཞི་བཀྲམ་པ་སོགས་ཀྱི་བྱ་ཐབས་བརྒྱུད།    ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་བྱས་ནས།    མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ནུས་པ་གོང་མཐོར་བཏང་ཡོད།
据了解,2020年国家网络安全宣传周西藏自治区活动将从914日开始持续至20日,与全国同步开展。期间,西藏自治区相关单位还将陆续开展校园日”“电信日”“法治日”“金融日”“青少年日”“个人信息保护日等活动。
ཤེས་རྟོགས་བྱས་པར་གཞིགས་ན།    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤྱི་ཚེས  ༡༤  ཉིན་ནས་ཚེས  ༢༠  བར་སྤེལ་རྒྱུ་དང་།  དེའི་རིང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་ནས་སློབ་གྲྭའི་ཉིན་མོ་དང་གློག་འཕྲིན་ཉིན་མོ    དངུལ་རྩའི་ཉིན་མོ།    གཞོན་ནུ་ལོ་ཆུང་ཉིན་མོ་སོགས་ཀྱི་བྱེད་སྒོའི་ཐོག་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]