རང་ལྗོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ནས་ཉེ་བའི་ལོའི་ནང་།  སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་རྒྱུར་གཞི་རིམ་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཐབས་མང་མཉམ་བཟུང་ཐོག་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་མ་ལག་སྐྲུན་ནས།  ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་མཉམ་སྐྲུན་དང་མཉམ་སྐྱོང་།  མཉམ་སྤྱོད་བཅས་བྱེད་པའི་གཞི་རིམ་གྱི་བཅོས་སྐྱོང་རྣམ་པ་ཏན་ཏིག་གཏོད་པ་དང་།  རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་ཞབས་ཞུའི་ནུས་པ།  སྒྲིག་འཛུགས་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ།  ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་མ་ཟད།  དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱང་འགན་སྲུང་བརྟན་པོ་བྱས་ཡོད།
རང་ལྗོངས་ཀྱིས་སྡེ་ཁུལ་དང་སྲིད་འཛིན་ལས་ཁུངས་སོགས་རིགས་ཁག་གི་ཏང་རྩ་འཛུགས་ལ་གཅིག་འགྱུར་འཆར་འགོད་དང་གཅིག་སྒྲིལ་བྱས་ཏེ།  འགོག་རྐྱེན་སེལ་བ་དང་ཏང་འཛུགས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།  གྲོང་ཁྱེར་གྱི་ཏང་འཛུགས་ཆེ་མོའི་རྣམ་པ་ཏན་ཏིག་གཏོད་ཡོད།  སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་།  སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུ་དང་།  ཏང་ཡོན་ལ་ཆབ་སྲིད་སློབ་གསོ་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ།  གྲོང་ཁྱེར་གྱི་གཞི་རིམ་ཏང་དོན་གཉེར་སྒྲུབ་པ་དང་སྡེ་ཁུལ་ལས་བྱེད་པར་སློབ་གསོ་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་ནས།  ཏང་རྩ་འཛུགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་།  དོ་དམ་བྱེད་སྟངས་གསར་གཏོད།  མང་ཚོགས་ལ་ཞབས་ཞུ་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
རང་ལྗོངས་ཀྱིས་ད་དུང་སྡེ་ཁུལ་ཡོངས་ལ་ཁྱབ་པའི་དམངས་ཕན་ཞབས་ཞུའི་མ་ལག་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།  གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལས་ཀའི་གཙོ་གནད་དང་སྟོབས་ཤུགས་གཅིག་སྒྲིལ་ཐོག་གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པ་བྱས་པ་དང་།  དཔལ་འབྱོར་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་རྣམ་པ།  ཐོན་སྐྱེད་བྱེད་སྟངས།  འཚོ་བ་སྐྱེལ་སྟངས་སོགས་འགྱུར་ལྡོག་གཏོང་གང་ཐུབ་བྱས་ནས།  རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་ལས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཐུབ་པ་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]