རང་ལྗོངས་ཀྱིས་དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-22

ཉེ་དུས།  རང་སྐྱོང་ལྗོངས་དུས་བདེ་གཞུང་ལས་ཁང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱབ་སྟེ་དུས་བདེའི་བོད་ལྗོངས་མཉམ་དུ་བསྐྲུན་རྒྱུའི་བརྗོད་དོན་གཙོ་བོར་དམིགས་ནས།  ལྗོངས་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཚན་པ ༦༧ སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དགུ་པའི་ཚེས ༡༦ གི་དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང༌།  འགྲེམས་པང་བཀོད་སྒྲིག་དང༌དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ།  འདྲི་ཤོག་བརྟག་དཔྱད་སོགས་རྣམ་པ་སྣ་ཚོགས་བརྒྱུད་མང་ཚོགས་ལ་དུས་བདེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་སྒྲུབ་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་དུས་བདེ་གཞུང་ལས་ཁང་གི་ཀྲུའུ་རེན་ཧེ་ཝུན་ཧའོ་བྱེད་སྒོ་སྤེལ་ཡུལ་དུ་ཞིབ་བཤེར་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་དང་སྦྲགས།  སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པ་དང༌།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ།  སྤྱི་ཚོགས་བཅོས་སྐྱོང་དང་དུས་བདེ་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས་དུས་བདེ་འཛུགས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང༌།  སྐྱིད་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]