ཝང་ཝེ་ཏུང་གིས་ཉིང་ཁྲིར་ཀོང་ཏུང་ཞིང་ཆེན་གྱི་དུས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་བཞུགས་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-23

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཀོང་ཏུང་ཞིང་ཆེན་གྱི་དུས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་བཞུགས་མོལ་གནང་སྐབས།  ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང༌།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བོད་སྐྱོར་ལས་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དཀའ་སྤྱད་འབད་འཐབ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ།  ཐུན་མོང་ཐོག་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་པ་དང་།  སྤྱི་ཡོངས་གཉིས་ཀྱི་ཚུགས་གནས་ཐོག་ནས་ལྟ་སྐུལ་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  བོད་སྐྱོར་ལས་དོན་ཁྲོད་ལྷག་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་བོད་སྐྱོར་ལས་བྱེད་པས་རང་ངོས་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་སྟེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་པའི་རྒྱང་ལམ་གསར་པའི་ཐོག་སེམས་ཤུགས་རབ་འཕེལ་དང༌སྤྱོད་ཚུལ་བཟང་པོ།  ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཐོག་ནས་བོད་སྐྱོར་གྱི་འགན་སེམས་ཆེན་པོ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]