ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་ནང་རང་ལྗོངས་ཀྱི་ཁེ་ལས༣༡ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-09-24

ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་སྐབས་བཅུ་བདུན་པ་དང་ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་སྐབས་དང་པོ་ཉེ་དུས་ཀོང་ཀྲུའུ་རུ་འཚོགས་པ་རེད།  རང་ལྗོངས་ཀྱིས་རང་བྱུང་འཐུང་ཆུ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས།  བོད་ལུགས་གསོ་རིག  ས་མཐོའི་སྐྱེ་དངོས་ཐོན་ལས།  མི་རིགས་ལག་ཤེས་བཟོ་ལས་སོགས་ལས་རིགས་གཉེར་མཁན་ཆེད་ལས་དང་རྩེ་གྲ  ཁྱད་ལྡན།  གསར་གྲས་བཅས་ཀྱི་ཁེ་ལས ༣༡ ཞུགས་ཡོད།
བོད་ལྗོངས་འགྲེམས་ཁུལ་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་སྒྲུབ་ཅེས་པས་བརྗོད་དོན་གཙོ་བོ་བྱེད་པ་དང་།  བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འགྲེམས་སྟེགས་དང་དངོས་ཟོག  སྣ་མང་སྨྱན་སྦྱོར།  དྲིལ་བསྒྲགས་ལག་དེབ་སོགས་བྱ་ཐབས་བརྒྱུད་ཕྱོགས་ཡོངས་ནས་བོད་ཀྱི་དམིགས་བསལ་ཐོན་རྫས་གང་ལེགས་མངོན་པར་བྱས་ཡོད།

རགས་རྩིས་རྒྱབ་པར་གཞིགས་ན།  ད་རེས་བོད་ཀྱི་འགྲེམས་ཁུལ་གྱིས་འགྲེམས་སྟོན་བྱས་པའི་ཐོན་རྫས་དེས་མི་ཐེངས ༢༠༠༠༠ ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་དང་།  བྲིན་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༡༥༠ ལྷག་ཙམ་ཟིན་པ་དང་མངག་ཉོའི་གན་རྒྱ་བཞག་ཚད་སྒོར་ཁྲི་ཚོ ༢༠༠༠ ཟིན་ཡོད།

འགྲེམས་ཚོགས་རིང་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་སྤུས་རྟགས་ཁྱབ་གདལ་དང་རྡོ་རྒྱུའི་ཐོན་ལས་སྤུས་དག་གོང་འཕེལ་གཏོང་ཆེད།  རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་གིས་ཀོང་ཏུང་བཟོ་འཕྲིན་ཐིང་སོགས་དང་ཐོན་ལས་བོད་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།  ཐོན་ལས་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]