ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-20

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཉེ་དུས་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས།  ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིའི་ལས་དོན་ལས་བགོས་ཐད་ཞིབ་འཇུག་གནང་བ་ཟད།  སྲིད་གྲོས་ཏང་ཙུའི་ཚན་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་ལ་ཡང་བཀོད་སྒྲིག་གནང་བ་རེད།

ཀྲོང་ཡན་ནས།  སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུའི་ཐོག་སྲིད་གྲོས་ཏང་ཙུའུ་ཡི་བསམ་བློ་དང་རྩ་འཛུགས།  སྤྱོད་ཚུལ།  སྒྲིག་ཁྲིམས་བཅས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།  ཆབ་སྲིད་ཀྱི་ཚུགས་གནས་ཐད་མཐོར་གཏོང་གསར་པ་ཡོད་པ།  རིག་གཞུང་གིས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བའི་ཐད་ཕན་འབྲས་གསར་པ་ལྡན་པ།  ཏང་འཛུགས་སྐྱོང་ཐད་འགག་སྒྲོལ་གསར་པ་ཡོད་པ།  རང་འགན་གཙང་སྒྲུབ་ཐད་ལས་རྗེས་གསར་པ་འཇོག་པ།  སྒྲིག་ཁྲིམས་སྲུང་རྒྱུའི་ཐད་གཟུགས་བརྙན་གསར་པ་མངོན་པ་བཅས་བྱེད་དགོས་ཤིང་།  འགན་འཁྲི་ཤེས་པ་དང་འགན་འཁྲི་འཁུར་བ།  འགན་འཁྲི་ལག་བསྟར་བཅས་བྱས་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

ཀརྨ་ཚེ་བརྟེན་དང་ལེ་ཀུའེ་ལུང་།  རྡོ་རྗེ་ཚེ་སྒྲུབ་སོགས་ཚོགས་འདུར་ཕེབས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]