ཀྲོང་ཡན་གྱིས་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་སྟོན་ཁང་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2022-01-22

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་སྟོན་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།
ཀྲོང་ཡན་དང་བཅས་པས་ཡིག་རིས་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་ལ་གཟིགས་པ་དང་འགྲེམས་དངོས་རྙིང་པར་གཟིགས་སྐོར་གནང་བ།  འགྲེལ་བཤད་མཁན་གྱི་ངོ་སྤྲོད་གསན་པ་བཅས་གནང་ནས་རང་ལྗོངས་ཀྱི་དེང་རབས་བཟོ་ལས་གོང་འཕེལ་གྱི་ལོ་རྒྱུས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཀྲོང་ཡན་ནས།  ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས།  བཟོ་བོའི་སྙིང་སྟོབས་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་བཟོ་ལས་རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ།  བེད་སྤྱོད་ཡག་པོ་བཅས་བྱས་ཐོག་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]