G༤༢༡༨ཡཱ་གཡས་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་གོང་འབབ་ཐང་རིམ་མཐོའི་གཞུང་ལམ་བདག་སྐྱོང་ཉམས་བཟོའི་ལས་གྲྭ་ཆེ་འབྲིང་རྣམ་གྲངས་ཀྱི་ལས་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ལམ ༤༢༡༨ ཡཱ་གཡས་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་ས་ནས་གོང་དཀར་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བདག་སྐྱོང་ཉམས་བཟོའི་ལས་གྲྭ་ཆེ་འབྲིང་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་ཉེ་དུས་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༡ ལོའི་ཟླ ༧ ཚེས ༡༧ ཉིན།  ལྷ་གོང་འབབ་ཐང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་དར་མཚོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འབྲེག་གནང་བ་དེའི་ཐོག་ནས།  བོད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་དེ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན་ཡོད།  ལྷ་གོང་འབབ་ཐང་མྱུར་བགྲོད་གཞུང་ལམ་དེ་བོད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཡིན་པའི་ངོས་ནས།  རང་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་བདག་སྐྱོང་དོ་དམ་གྱི་གཟུགས་བརྙན་མངོན་ས་དང་པོ་དེ་ཡིན་ལ།  ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་གོང་དཀར་འབབ་ཐང་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན་པས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

ད་བར་ལྷ་གོང་མྱུར་བགྲོད་གཞུང་ལམ་བེད་སྤྱོད་བཏང་ནས་ལོ ༩ སོང་བ་དེ།  འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཏོན་པའི་གཞུང་ལམ་བེད་སྤྱོད་བྱས་ནས་ལོ ༨ ཕྱིན་ཚེ་ལམ་ངོས་བདག་སྐྱོང་དང་ཉམས་བཟོ་ཆེ་འབྲིང་བྱེད་དགོས་རྒྱུའི་ལོ་ཚད་ལ་སླེབས་ཡོད།  བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱིས་རྒྱལ་ལམ ༤༢༡༨ ཡཱ་གཡས་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་ས་ནས་གོང་དཀར་འབབ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བདག་སྐྱོང་ཉམས་བཟོའི་ལས་གྲྭ་ཆེ་འབྲིང་རྣམ་གྲངས་སྐོར་ལ་གནང་བའི་བཀའ་ལན་དགོངས་དོན་གཞིར་བཟུང་།  བོད་རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་ཀྱིས་གཞུང་ལམ་ལས་གྲྭའི་རྨང་གཞིའི་འཛུགས་སྐྲུན་གྱི་གོ་རིམ་ལ་ནན་སྲུང་བྱས་ཏེ།  རྣམ་གྲངས་དེའི་གཉེར་འགན་སུ་འཇོན་དེ་འགུག་བྱེད་རྒྱུ་སོགས་རྣམ་གྲངས་འཛུགས་སྐྲུན་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་ཟིན་པས་ད་ཆ་ལས་འགོ་འཛུགས་པའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད།

རྒྱལ་ལམ ༤༢༡༨ ཁོངས་སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་བར་གྱི་ལམ་དུམ་བུའི་བདག་སྐྱོང་ཉམས་བཟོའི་ལས་གྲྭ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ ༣༠.༩༧ ཡོད་པ་དང་།  སྤྱི་ལོ ༢༠༢༠ ལོའི་ཟླ ༣ ཚེས ༢༧ ཉིན་དངོས་སུ་ཨར་སྐྲུན་ལས་འགོ་ཚུགས་པ་དང་སྤྱི་ཟླ ༦ ཚེས ༣༠ ཉིན་གྱི་གོང་ལམ་ངོས་དང་འབྲེལ་བའི་ལས་གྲྭ་ཙག་ཙིག་ཁག་ཀྱང་ལེགས་གྲུབ་ཟིན་པ་བྱེད་རྒྱུ་རེད།  ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡.༠༥ བཏང་ཡོད།  ཨར་སྐྲུན་བྱེད་རིང་ལྷ་གོང་འབབ་ཐང་མྱུར་བགྲོད་གཞུང་ལམ་ཕྱེད་ཀ་བཀག་སྡོམ་བྱེད་རྒྱུ་དང་ཕྱེད་ཀར་འགྲོ་འོང་བྱེད་ཆོག་གི་ཡོད།

༼ རྒྱལ་ལམ ༤༢༡༨ ཁོངས་ཀྱི་སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་བར་གྱི་ལམ་དུམ་བུའི་འགྲིམ་འགྲུལ་བཀག་སྡོམ་སྤྱི་བསྒྲགས། ༽

ལམ་ངོས་ལེགས་བཅོས་དང་འགྲོ་སྐྱོད་ཀྱི་བདེ་འཇགས་ལྡན་ཚད་མཐོ་རུ་བཏང་སྟེ།  ལྷ་གོང་འབབ་ཐང་མྱུར་བགྲོད་གཞུང་ལམ་སྐྱོན་བྲལ་ངང་གཉེར་སྐྱོང་ཐུབ་རྒྱུ་འགན་ལེན་བྱ་ཆེད།  ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་།  སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་བར་གྱི་རྒྱལ་ལམ ༤༢༡༨ ལྷ་གོང་འབབ་ཐང་མྱུར་བགྲོད་གཞུང་ལམ་གྱི་ལམ་ངོས་ཉམས་བཟོའི་ལས་གྲྭ་ཆེ་འབྲིང་ལག་བསྟར་བྱས་པར་བརྟེན།  ཨར་སྐྲུན་བྱེད་རིང་ལམ་ངོས་ཕྱེད་ཀ་བཀག་སྡོམ་བྱེད་རྒྱུ་དང་ཕྱེད་ཀར་འགྲོ་འོང་བྱེད་ཆོག་པ་བཟོས་ཡོད་པས།  ཕར་འགྲོ་ཚུར་འོང་བྱེད་མཁན་འཁོར་རིགས་ཀྱིས་ཨར་ལས་བྱ་ཡུལ་གྱི་འགྲིམ་འགྲུལ་མཚོན་རྟགས་གཞིར་བཟུང་འགྲོ་སྐྱོད་བྱེད་པ་དང་།  འགྲིམ་འགྲུལ་བཀག་སྡོམ་དོ་དམ་མི་སྣའི་དོ་དམ་དང་བཀོད་འདོམས་ལ་བརྩི་སྲུང་ཞུ་དགོས་པ་ལས་གང་བྱུང་དུ་འགྲོ་སྐྱོད་བྱེད་མི་ཆོག  ལས་གྲས་རྐྱེན་པས་འགྲོ་འོང་སྟབས་བདེ་མེ་བྱུང་བར་ཚང་མས་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།  འགྲོ་སྐྱོད་བྱེད་སྐབས་ཉེན་ཁ་དང་ཛ་དྲག་ཆེ་བའི་གནས་ཚུལ་འཕྲད་ཚེ།  ཕྲལ་མར ༡༡༠ ལ་ཁ་པར་རྒྱག་པ་དང་ཡང་ན་ས་གནས་ས་ཐོག་གི་ལས་སྒྲུབ་མི་སྣའི་རོགས་རམ་ཐོབ་ཐབས་བྱེད་དགོས།  འགྲིམ་འགྲུལ་བཀག་སྡོམ་དོ་དམ་བྱེད་པའི་དུས་ཚོད་ནི་སྤྱི་ལོ ༢༠༢༠ ལོའི་ཟླ ༣ ཚེས ༢༦ ཉིན་ནས་སྤྱི་ཟླ ༧ ཚེས ༣༠ ཉིན་བར་ཡིན།།

 

G༤༢༡༨ཁོངས་ཀྱི་སྣེའུ་ནས་ཟམ་པ་གཉིས་དང་ཕུག་ལམ་གཅིག་བར་གྱི་ལམ་དུམ་བུ་བདག་སྐྱོང་ཉམས་བཟོའི་ལས་གྲྭ་ཆེ་འབྲིང་རྣམ་གྲངས་གཞུང་ལས་ཁང་།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་སྣེའུ་འགྲིམ་འགྲུལ་རུ་ཆེན།                          

 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]