ན་ནིང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ།      སྤེལ་དུས།   2020-04-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆུ་ཚན་ལ་བརྟེན་ནས་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་གྲོང་མིའི་ཡོང་འབབ་འཕར་སྣོན་ཤུཌ་ཆེ་བྱུང་།

གསར་འགོད་པར་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་རང་ལྗོངས་གྲོང་གསེབ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ལག་ཡོད་དངུལ་དམར་ཡོང་འབབ་སྒོར ༡༢༩༥༡ བྱུང་ནས་འཕར་ཚད་བརྒྱ་ཆ ༡༣.༡ ཟིན་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་དངུལ་དམར་ཡོང་འབབ་སྒོར ༣༧༤༡༠ བྱུང་ནས་འཕར་ཚད་བརྒྱ་ཆ ༡༠.༧ ཟིན་ཡོད་པ་དེ་གཉིས་ཀ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།  སྤྱི་ལོ ༢༠༡༩ ལོ་ནས་བཟུང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་མངོན་ཆེར་འཛིན་ཞིང་།  དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་།  བསྒྱུར་བཅོས་ལ་སྐུལ་འདེད།  གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་འདོགས།  ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ཡོད་པ་དང་།  སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དེ་བཞིན་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་རྒྱུན་མཐུད་འཕར་སྣོན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

ཡོང་འབབ་འཕར་སྣོན་བྱུང་བ་དང་བསྟུན་ནས་རིག་གནས་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན།

གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི།  ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་དང་ངལ་རྩོལ་གྱི་ཡོང་འབབ་མཐོ་རུ་ཕྱིན་པ་དང་།  དེ་བཞིན་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་ཀྱི་སྐུལ་ཁྲིད་ལས་སྒུལ་ཤུགས་འཕེལ་བ་ཞིག་རེད།།


བརྐོས་དཀྲོལ་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱས།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]