ཁྲལ་གྲོན་གཅོག་པ་དང་ཞབས་ཞུ་ལེགས་སུ་བཏང་ནས་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ པའི་ཚེས ༡ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ལོ ༢༠༢༠ ལོའི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཐེངས ༢༩ པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཚའོ་ཇེ་ཧྥུང་དང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན། སྤྱི་ཁྱབ་འདུ་འགོད་པ་ལི་ཅན་ཇུན།  ལྗོངས་ཁྲལ་དོན་ཅུས་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་རྨོ་དབྱིས་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ཡང་ལན་སྐྱོན་པ་རེད།

ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཚའོ་ཇེ་ཧྥུང་ནས།  སྲིད་ཇུས་ཁག་བཞི་པོ་དེ་དག་གིས་འགོག་སྲུང་དང་སྐྱོབ་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་དངོས་ཟོག་མཁོ་འདོན་ལ་རྒྱབ་སྐྱོར་བྱེད་པ།  སྤྱི་ཕན་ཞལ་འདེབས་ལ་སྐུལ་མ་གཏོང་བ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བྱེད་པ།  ཁྲལ་འབབ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་ལྔའི་ཐད་ནས་ཡིག་ཆ་བཅུ་དང་ཁྲལ་བསྡུའི་སྲིད་ཇུས ༡༨  ཁྲལ་བསྡུའི་དོ་དམ་བྱ་ཐབས ༤  ཁྲལ་འཇལ་ཞབས་ཞུའི་བྱ་ཐབས ༡༠ བཅས་བཏོན་ཡོད་ཅེས་གསུངས།

ངོ་སྤྲོད་བྱས་པར་གཞིགས་ན།  རིམས་ནད་ཐོན་ཚུན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་སྔ་རྗེས་སུ་རིམས་ནད་འགོག་ཟོན་བྱེད་པ་དང་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོབ་བྱེད་པའི་ཁྲལ་གྲོན་སྲིད་ཇུས་ཁག་བཞི་བཏོན་ནས་ནུས་ཤུགས་ཡོད་རྒུས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་འགན་སྲུང་བྱས་ཡོད་ལ།  སྤྱི་ཟླ ༤ པའི་ཚེས ༡ ནས་སྤྱི་ཟླ ༥ པའི་ཚེས ༢༠ ཉིན་བར་ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་སུ་རྒྱལ་ཡོངས་ཀྱི་ཁྲལ་བསྡུ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཐེངས ༢༩ པ་སྤེལ་རྒྱུ་དང་།  དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བརྗོད་དོན་དང་དམ་པོར་བསྟུན་ནས།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུ་དང་ཁྲལ་དོན་མི་སྣའི་བློ་རིག་སྐྱེས་སུ་འབུལ་རྒྱུ་རེད།

ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ་བྱ་ཆེད།  རང་ལྗོངས་ཀྱི་ཁྲལ་དོན་ཚན་པས་ད་དུང་བརྟན་པོ་དྲུག་ལ་དམིགས་པ་དང་རིམས་ནད་ལ་ཁ་གཏད་གཅོག་ཐབས་བཞིའི་ལས་ཀའི་ཕན་འབྲས་ལ་དམིགས་ནས།  འགག་གནད་དང་དཀའ་གནད་ལ་གཞིས་ཚུགས་ཏེ་ཁྲལ་གཉེར་ཞབས་ཞུའི་བྱ་ཐབས་དེ་བས་འཐུས་ཚང་ཡོང་བ་བྱེད་པ་དང་།  ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་རྒྱུན་ཆད་མེད་པར་དོན་འཁྱོལ་ཞིབ་ཕྲ་བྱས་ནས་ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག  ཐབས་དང་ཇུས་འདོན་པ་དང་གྲངས་གཞིའི་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཕྱི་ནས་རིམས་ནད་འགོ་ཁྱབ་མི་ཡོང་བ་དང་ནང་དུ་ནད་ལོག་མི་རྒྱག་པ་བྱས་ཏེ།  རིམས་ནད་འགོག་ཟོན་བྱེད་ཆེད་ནུས་ཤུགས་འདོན་སྤེལ་བྱས་ཡོད། །

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]