རང་ལྗོངས་ཀྱི་གངས་བཞུད་ལུས་རྩལ་པས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་འདེམས་སྒྲུག་འགྲན་བསྡུར་གྱི་གྲ་སྒྲིག་ཨང་གསར་བྱེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པསྤྱི་ཟླ་བཞི་པའི་ཚེས ༤ ཉིན།  ཉིང་ཁྲིར་བཙུགས་པའི་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ནོར་ཝེ་རུ་དུས་ཡུན་ཟླ་གཉིས་རིང་གི་དགུན་དུས་སྦྱོང་བརྡར་མཇུག་སྒྲིལ་བའི་བོད་ཀྱི་གྲགས་ཅན་གངས་བཞུད་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་དང་།  ཚེ་རིང་དགྲ་འདུལ་སོགས་རྒྱལ་ནང་དུ་ཕྱིར་ལོག་བྱུང་ནས་ད་ལྟ་ཉིང་ཁྲིར་དཔྱིད་དུས་རིང་གི་སྦྱོང་བརྡར་བྱེད་བཞིན་ཡོད།  ལུས་རྩལ་པ་ཚོས་བོད་ལྗོངས་རི་འཛེག་རུ་ཁག་གི་གངས་བཞུད་སློབ་སྟོན་པ་རྣམ་རྒྱལ་རྡོ་རྗེའི་སྣེ་ཁྲིད་འོག  སྦྱོང་བརྡར་ཁག་ནན་ཏན་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་རང་འགུལ་ངང་གངས་འཁྱག་ལུས་རྩལ་ནང་ཞུགས་ཏེ།  རྒྱལ་ཁབ་ཀྱིས་བཏོན་པའི་གངས་འཁྱག་ལུས་རྩལ་ལྷོ་ནུབ་ཤར་གསུམ་དུ་དར་སྤེལ་གཏོང་རྒྱུའི་འཐབ་ཇུས་དང་།  མི་དུང་ཕྱུར་གསུམ་ལྷག་ཙམ་གངས་འཁྱག་ལུས་རྩལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་རྒྱུའིདམིགས་ཚད་མངོན་འགྱུར་ཡོང་ཆེད་རང་ནུས་འདོན་སྤེལ་བྱེད་བཞིན་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]