ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ༤༧ཚང་མ་ཕུབ་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན་གྱི་སྔ་དྲོ།  ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ་སྨན་གླིང་ཕུག་ལམ་དང་གཙང་ཁ་ཕུག་ལམ་གཉིས་ཀྱི་ཕུག་ལམ་དངོས་སུ་ཕུབ་ཟིན་པ་རེད།  མཚམས་འདིར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ ༢༡༦.༥ ཟིན་པའི་ཕུག་ལམ ༤༧ ཚང་མ་ཕུབ་ཟིན་ནས་ལས་གཞི་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ནི་རང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་།  སྤྱིའི་རིང་ཚད་ལ་སྤྱི་ལེ ༤༣༥ ཟིན་པ་དང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ ༡༦༠ རེད།  ལམ་ཐིག་དེ་མཚོ་བོད་ས་མཐོའི་གངས་ཏི་སི་དང་ཧི་མ་ལ་ཡ་དབར་གྱི་ཡར་ཀླུང་གཙང་པོའི་འདྲེས་མཚམས་ཁུལ་བརྒྱུད་ཅིང་ལམ་ཐིག་བརྒྱ་ཆ ༩༠ ཡན་ནི་ས་བབ་མཐོ་ཚད་སྤྱི་ཁྲེ ༣༠༠༠ ཡན་ཟིན་པའི་ས་མཐོར་གནས་ཡོད་པ་དང་སྔ་རྗེས་སུ་ཡར་ཀླུང་གཙང་པོ་ཐེངས ༡༦ བརྒལ་ཡོད།

སྤྱི་ལོ ༢༠༡༤ ལོའི་ཟླ ༡༢ པར་ལས་འགོ་བཙུགས་ཚུན།  ལྕགས་ལམ་འཛུགས་སྐྲུན་པ ༢༠༠༠༠ ལྷག་ཙམ་གྱིས་དཀའ་ཚེགས་དང་ཉེན་ཁར་མ་འཛེམས་པར་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱེད་ཅིང་།  ད་བར་ལམ་ཐིག་ཧྲིལ་པོའི་ཕུག་ལམ ༤༧ ཚང་མ་ཕུབ་ཟིན་པ་དང་ཟམ་པ ༡༢༠ ཡོད་པའི་ནང་ནས་ཟམ་པ ༡༡༩ བརྒྱབ་ཟིན་པ།  ལམ་ལྕགས་སྤྱི་ལེ ༡༢༠ ཙམ་བཏིངས་ཟིན་པས།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་བཟོ་ཡོད་པ་དང་སྤྱི་ལོ ༢༠༢༡ ལོར་ལྕགས་ལམ་དེ་ཤར་གཏོང་ཐུབ་བཟོ་ཡོད། །

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]