ལྷ་སས་ཞིང་འབྲོག་པ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་སྤོ་འགྱུར་དང་ལས་ཀ་བསྐྱར་ཚུགས་ཀྱི་སྦྲེལ་མཐུད་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་གྲོང་ཁྱེར་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲེང་ཀོན་ཆུས་མི་སྤྱི་ཅུས་དང་མཉམ་འབྲེལ་ཐོག  ཁྲེང་ཀོན་ཆུས་ཀྱི་ཞིང་འབྲོག་པ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་སྤོ་འགྱུར་དང་ལས་ཀ་བསྐྱར་ཚུགས་བྱེད་པའི་འབྲེལ་མཐུད་བྱེད་སྒོ།  ལྷ་སའི་གྲོང་ཁྱེར་མ་འཇོག་གྲོང་ཤར་སྒོ་རྟགས ༡༢ པའི་གསར་སྤེལ་རྣམ་གྲངས་ཨར་སྐྲུན་ལས་ཡུལ་དུ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོས་དུས་འགོའི་ལས་ཞུགས་ཀྱི་འདོད་མཐུན་མཐིལ་རྟོགས་དང་ཞིང་འབྲོག་མང་ཚོགས་ཚོའི་འདོད་བློར་གཞིགས་ཏེ།  ཁྲེང་ཀོན་ཆུས་ཨེན་ཧུད་ར་བའི་གནས་སྤོས་མང་ཚོགས་མི་གྲངས ༥༥ ལས་ཞུགས་གོང་གི་འབྲེལ་མཐུད་ནང་ཞུགས་རྒྱུ་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་པ་རེད།  རྣམ་གྲངས་དེའི་ལས་མི་བཀོལ་སྤྱོད་ཀྱི་འགན་འཁུར་བ་དང་ངོ་འཕྲད་འབྲེལ་མཐུད་བྱས་པ་བརྒྱུད།  གནས་སྤོས་མང་ཚོགས་མི་གྲངས ༥༢ ཨར་ལས་ནང་ལས་ཞུགས་ཐུབ་པ་མ་ཟད།  ས་གནས་ས་ཐོག་ཏུ་ལས་ཞུགས་སྤོ་འགྱུར་གྱི་གྲོས་མཐུན་ཡི་གེ་དང་ངལ་རྩོལ་གན་རྒྱ་ཡང་བཞག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོ་ལྷ་ས་གྲོང་ཁྱེར་གྱིས་ངལ་ནུས་ཕྱིར་གཏོང་གི་དཔེ་མཚོན་རྫོང་དང་ཤང་།  གྲོང་ཚོ་བཅས་ཀྱི་ཁྱབ་འགྱེད་སྣེ་འཁྲིད་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ལ།  རྫོང་༤ ཡི་ཤང་ ༨ དང་གྲོང་ཚོ ༡༡ གི་ངལ་ནུས་འབྲེལ་མཐུད་དང་གཞི་ཁྱོན་ཅན་གྱི་སྤོ་འགྱུར།  ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐད་ལ་གསར་གཏོད་བྱ་ཐབས་རྒྱ་ཆེར་འདོན་པ་དང་།  འབྲེལ་མཐུད་དང་གསོ་སྦྱོང་།  སྤོ་འགྱུར་བཅས་གཞི་གཅིག་ཅན་གྱི་ངལ་ནུས་ཕྱིར་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།  དཔེ་མཚོན་རྫོང་དང་ཤང་།  གྲོང་ཚོ་བཅས་ཀྱི་ཞིང་འབྲོག་པ་ལས་ཞུགས་སྤོ་འགྱུར་བྱེད་ཚད་བརྒྱ་ཆ ༩༠ ཟིན་ཐུབ་པ་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]