ཁྲེང་ཀོན་ཆུས་ཀྱིས་འོ་མའི་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཡོང་ཐབས་བྱེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ངག་དབང་།      སྤེལ་དུས།   2020-04-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འོ་ལས་ནི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་ས་ཁུལ་ཞིག་གི་འབྲོག་ལས་དེང་རབས་ཅན་དུ་འགྱུར་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པས།  གྲོང་མིའི་བཟའ་བཅའི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དང་རྒྱལ་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་རྒྱུ།  གྲོང་གསེབ་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ།  གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད།

ཁྲེང་ཀོན་ཆུས་ཀྱི་ངོས་ནས་བཤད་ན།  བཞོན་མ་གསོ་ཚགས་ཐོན་ལས་ཀྱི་སྒྲིག་བཀོད་དང་ལག་རྩལ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ས་མཐོའི་འོ་མའི་ལྟེ་གནས་གཏོད་ཆེད་སྤྱི་ལོ ༢༠༡༦ ལོར་ཁྲེང་ཀོན་ཆུས་ཀྱིས་གར་པ་འབྱུང་ཁམས་འབྲོག་ར་དང་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭའི་རྣམ་གྲངས་ལག་བསྟར་བྱས་ཡོད་།  ལོ་དེའི་ཟླ ༦ པའི་ཚེས ༡༡ ཉིན་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་དང་མོང་ཉེའུ་ཚོགས་པས་ཐུན་མོང་ཐོག་འོ་མའི་ཐོན་ལས་འཕེལ་རྒྱས་གྲོས་ཆོད་ལ་མིང་རྟགས་བཀོད་ནས་མཉམ་ལས་གཏིང་ཟབ་བྱས་པ་མ་ཟད།  བོད་ཀྱི་ས་གནས་ཁྱད་ཆོས་ལྡན་པའི་གནས་མཆོག་དཀར་ཆུ་ཞེས་པའི་གྲགས་རྟགས་བཏོད་ཡོད།

མོང་ཉེའུ་ཚོགས་པའི་མཛུབ་ཁྲིད་རྒྱབ་སྐྱོར་འོག  བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སིས་སྔོན་ཐོན་རྩེར་སོན་གྱི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས་ཏེ།  ས་གནས་དེ་གའི་འོ་མའི་འབྱུང་ཁུངས་ལ་གཞི་ཚུགས་པ་དང་བོད་ཀྱི་ས་གཙང་སྤུས་རྟགས་བཏོད་པ།  འོ་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་འཁྲིད་བཅས་བྱས་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དང་དབུལ་ཕོངས་མང་ཚོགས་ཀྱི་དབུལ་གྲོལ་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་སྟེགས་བུ་གལ་ཆེན་ཞིག་སྐྲུན་ཡོད།།

  ༼  རྩོམ་སྒྲིག་ཚེ་གཡུས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]