ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གཙང་འགྲམ་ལམ་གྱི་སྔོ་ལྗང་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བཙུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2020-05-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གཙང་འགྲམ་ལམ་གྱི་སྔོ་ལྗང་སྤྱི་གླིང་སྐྲུན་ཡུལ་དུ་བརྐོ་འདྲུའི་འཕྲུལ་འཁོར་དང་བཟོ་པ་ཚོས་བྲེལ་ཚུབ་ངང་ལས་ཀ་བྱེད་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད།  ཀྲུང་གོ་གྲོང་ཁྱེར་འཛུགས་སྐྲུན་ཞིབ་འཇུག་ཚད་ཡོད་ཀུང་སིའི་རྣམ་གྲངས་སྤྱི་གཉེར་ཀྲང་ཡན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན།  ད་ལྟ་རྣམ་གྲངས་དེའི་ས་ཆ་ཁོད་སྙོམས་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་དང་།  སྔོན་དཔགས་བྱས་ན་ཉིན་བཞི་ལྔ་ཙམ་ནས་བཟུང་གཞི་ཁྱོན་ཆེན་པོས་ཤིང་འཛུགས་རྒྱུ་རེད།

ཀྲང་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་སྔོ་ཁེབས་ལྡན་ཚད་རྒྱུན་མཐུད་མང་དུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད་ལ།  ལྷ་ས་སྐྱིད་ཆུའི་ཆུ་ལོག་དང་ཐན་སྐྱོན་འགོག་པའི་ནུས་པ་ཡང་ཆེ་རུ་གཏོང་ཐུབ་ངེས་ཡིན་པ་མ་ཟད།  གཙང་པོའི་བརྒྱུད་ཀྱི་བར་མཐོངས་བཅོས་སྒྲིག་དང་མཛེས་བཟོ་ཡང་ཐུབ་རྒྱུ་རེད།  སྔོ་ལྗང་སྤྱི་གླིང་སྐྲུན་ཟིན་རྗེས་དེ་ཁུལ་དུ་ནགས་ཚལ་དང་སྤང་ལྗོངས་ཡོད་པའི་རྣམ་པ་བཟང་པོ་ཞིག་མངོན་རྒྱུ་རེད་ལ།  ད་དུང་ལུས་རྩལ་ཁུལ་དང་བྱེད་སྒོའི་ཐང་ཆེན་སོགས་ཀྱང་ཡོད་པས་གྲོང་མི་མང་ཚོགས་ཚོའི་བག་ཕེབས་སྤྲོ་གསེང་དུ་སྐྱོད་ས་གལ་ཆེན་ཞིག་ཏུ་གྱུར་རྒྱུ་རེད།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གཙང་འགྲམ་ལམ་གྱི་སྔོ་ལྗང་སྤྱི་གླིང་འཛུགས་སྐྲུན་བྱེད་ས་དེར་ཤར་ནས་ནུབ་བར་སྤྱི་ལེ ༣.༢ ཙམ་ཡོད་པ་དང་།  དོག་ཅིང་རིང་བའི་ས་རྒྱུད་ཞིག་དང་རྣམ་གྲངས་དེའི་ས་ཁྱོན་ལ་སྤྱི་ཆིང་ ༡༩.༧ ཟིན་གྱི་ཡོད།  རྣམ་གྲངས་དེའི་དུས་ཐེངས་དང་པོར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༧༠༠༠ ཙམ་བཏང་བས་ལྷ་ས་གྲོང་ཁྱེར་གྱི་སྤྱི་ལོ ༢༠༢༠ ལོའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ།  བོད་རང་སྐྱོང་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེ་མོར་ཕྱག་རྟགས་སུ་ཕུལ་བའི་ལས་གྲྭ་ཞིག་ཀྱང་ཡིན།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]