བོད་ལྗོངས་གཡག་རྟེན་མཛོད་གླིང་སླར་ཡང་སྒོ་ཕྱེ་འགོ་ཚུགས་ཡོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༩ ཉིན་བོད་ལྗོངས་གཡག་རྟེན་མཛོད་གླིང་སླར་ཡང་སྒོ་ཕྱེ་འགོ་ཚུགས་ཡོད།  འགྲེམས་ཁང་དུ་འཛུལ་སྐབས་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་།  རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་བདེ་ཐང་ཨང་རྟགས་སོགས་གོ་ཆོད་པའི་ལག་ཁྱེར་སྟོན་དགོས་པ་དང་འབྲེལ་ལས་དོན་མི་སྣར་གཞོགས་འདེགས་བྱས་ནས་གཟུགས་པོའི་དྲོད་ཚད་ཀྱང་འཇལ་དགོས་ཀྱི་ཡོད།

བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  གནས་སྐབས་ཚོགས་སྒྲིག་ཡུལ་སྐོར་བར་སྣེ་ལེན་ཞུ་གི་མེད་པ་དང་མི་སྣ་འདུ་འཛོམས་མི་ཡོང་བའི་ཆེད་དུ་ལྟ་སྐོར་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ།  ཉིན་རེར་སྣེ་ལེན་ཞུ་ཚད་མི ༢༠༠ ལས་མི་བརྒལ་བ་དང་ཆུ་ཚོད་རེར་མི་ཐེངས ༥༠ ལས་བརྒལ་ཆོག་གི་མེད།

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་གཡག་རྟེན་མཛོད་གླིང་སྒོ་ཕྱེ་བའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པ་བར་ཡིན་པ་དང་།  ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་ནས་འགྲེམས་ཁང་ནང་མི་གཏོང་མཚམས་འཇོག་གི་ཡོད།  གཟའ་འཁོར་རེའི་རེ་གཟའ་ཟླ་བའི་ཉིན་གཡག་རྟེན་མཛོད་གླིང་སྒོ་བརྒྱབ་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བགྱི་མེད།  གྲོང་མི་དང་ཡུལ་སྐོར་བས་དྲ་ཐོག་ནས་སྤ་སེ་ཉོ་བ་དང་ས་གནས་ས་ཐོག་ཏུ་སྤ་སེ་ལེན་ཆོག་པ་མ་ཟད།  ད་དུང་འཕྲིན་ཕྲན་ཐོག་ནས་བོད་ལྗོངས་གཡག་རྟེན་མཛོད་གླིང་ངམ yak—museum ཞེས་པའི་སྤྱི་སྟེགས་ལ་དོ་སྣང་བྱས་ཏེ་སྔོན་མངགས་ལྟ་སྐོར་བྱེད་ཆོག་གི་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]