ད་ལོ་རང་ལྗོངས་ཀྱིས་ནགས་བཟོ་ལྗང་འགྱུར་ཐད་སྒོར་དུང་ཕྱུར༡༤ལྷག་ཙམ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-05-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༧ ཉིན།  སྔོན་ལ་ནགས་བཟོ་དང་རྗེས་ལ་ཁ་གསབ་སྤྲོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ནགས་གླིང་འཛུགས་སྐྱོང་སྲིད་ཇུས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་།  རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ནགས་ལས་དང་རྩྭ་ཐང་ཅུ་ཀྱི་འགན་འཁུར་བ་དང་།  སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཁོའོ་ཡི་ཁོའོ་ཀྲང་།  སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཁོའོ་ཡི་ལས་སྒོའི་རྐང་འཛིན་པ་བཅས་དང་།  དེ་བཞིན་རྫོང་ནགས་ལས་དང་རྩྭ་ཐང་ཅུད་ཀྱི་དོ་དམ་ཚན་ཁག ༣༦ གི་འགན་འཁུར་བ་བཅས་མི ༨༠ ཙམ་གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་འཛིན་གྲྭའི་ཐོག་ལྗོངས་ནགས་ལས་དང་རྩྭ་ཐང་ཅུཀྱི་ཏང་ཙུའི་ཧྲུའུ་ཅི་ཚུལ་ཁྲིམས་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོར་རང་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནགས་བཟོའི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་།  ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་།  རང་བྱུང་ཤིང་ནགས་ཅོད་མཚམས་འཇོག་པའི་ཁ་གསབ།  རྩྭ་ཐང་སྐྱེ་ཁམས་སླར་གསོ།  ནགས་ཚལ་སྲུང་སྐྱོང་།  བྱེ་འགོག་བྱེ་བཅོས་སོགས་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་མ་དངུལ་གཅིག་འགྱུར་བསྡུ་སྒྲིལ་བྱས་ཏེ།  ལོ་ཧྲིལ་པོར་ནགས་བཟོ་ལྗང་འགྱུར་ལ་སྒོར་དུང་ཕྱུར ༡༤.༠༤ བཏང་ནས།  རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་མ་དངུལ་གྱི་འགན་ལེན་བརྟན་པོ་མཁོ་འདོན་ཐུབ་པ་བྱ་རྒྱུ་རེད།

སྤྱི་ལོ ༢༠༡༦ ལོའི་ཚུན་དུ།  ལྗོངས་ཡོངས་སུ་ནགས་བཟོ་ལྗང་འགྱུར་གྱི་ལས་འགན་མུའུ་ཁྲི་ཚོ ༤༥༠.༩༧ ལེགས་སྒྲུབ་ཟིན་པའི་ཁྲོད།  མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི ༢༣༤.༣༤ བྱས་པ་དང་།  རི་འདབས་ནགས་བཟོ༼ བྱེ་འགོག་བྱེ་བཅོས ༽མུའུ་ཁྲི་ཚོ ༢༡༦.༦༣ བྱས་པ་དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཤེས་དཔལ་སྐྲུན་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]